ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཞུགས་མཁན་ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་མཉམ་དུ་འགྲེམས་ཁང་ལ་གཟིགས་སྐོར་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་11ཚེས་5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོར་ཞུགས་རྗེས་ཚོགས་ཞུགས་ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་མཉམ་དུ་འགྲེམས་ཁང་ལ་གཟིགས་སྐོར་གནང་བ་རེད།

1125195486_15729642680131n.jpg

ཞི་ཅིན་ཕིང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གི་ཕེབས་རོགས་འོག་ཐོག་མར་ཧྥ་རན་སིའི་འགྲེམ་སྟོན་ཁང་དུ་ཕེབས། མ་ཁེ་ལུང་གིས་སྤྲོ་སེམས་འཁོལ་བའི་ངང་ཞི་ཅིན་ཕིང་ཧྥ་རན་སིའི་རྒུམ་ཆང་དང་སྐམས་ཤའི་ཟས་རིགས་ལ་རོལ་མྱོང་གནང་བར་གདན་དྲངས་པ་རེད། དེར་ཡོད་པའི་ཧྥ་རན་སེའི་ཁེ་ལས་མཁས་ཅན་གྱིས་འཚང་ཁ་ཤིག་ཤིག་ངང་ཞི་ཅིན་ཕིང་ལ་ཧྥ་རན་སེའི་ཁེ་ལས་ཀྱིས་ཀྲུང་གོའི་ཁྲོམ་རར་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད་པས་ཕྱིར་གཏོང་བྱེད་ཚད་སྔར་བས་རྒྱ་ཆེར་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཀྲུང་གོའི་འཛད་སྤྱོད་ཁྲོམ་ར་ཧ་ཅང་ཆེན་པོ་ཡོད་པས་རིམ་པ་མི་འདྲ་བའི་སྣ་མང་ཅན་གྱི་དགོས་མཁོ་སྐོང་ཐུབ། ཧྥ་རན་སེའི་ཁེ་ལས་མཁས་ཅན་གྱིས་ཀྲུང་གོ་དང་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

1125195486_15729642835411n.jpg

1125195486_15729648356191n.jpg

ཞི་ཅིན་ཕིང་གིས་གནས་ཚུལ་ངོ་སྤྲོད་ལ་ནན་ཏན་གྱིས་གསན་པ་དང་འབྲེལ་བཀའ་འདྲི་ཡང་ཡང་གནང་བ་དང་བྱམས་བརྩེའི་ངང་ཁ་བརྡ་གནང་བ་རེད། ཞི་ཅིན་ཕིང་གིས་རྒྱལ་ཁབ་ཁག་གི་ཁྱད་ལྡན་ཐོན་རྫས་ཚང་མར་འགྲན་རྩོད་ཀྱི་ནུས་པ་ཆེན་པོ་ལྡན། རྒྱལ་ཁབ་ཁག་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་དང་འོས་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་ནི་ཀྲུང་གོའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་དེ་བས་ལེགས་པོའི་སྒོ་ནས་སྐོང་ཐུབ་པ་མ་ཟད་གཉིས་ཁེ་གཉིས་ཕན་གྱི་བྱེད་སྟངས་ཞིག་རེད་ཅེས་བསྟན།

ཞི་ཅིན་ཕིང་དང་རྒྱལ་ཁབ་སོ་སོའི་འགོ་ཁྲིད་པ་མཉམ་དུ་ཀྲུང་གོའི་འགྲེམ་སྟོན་ཁང་དུ་ཕེབས། “ཀྲུང་གོའི་གསར་གཏོད”ཞེས་པའི་ཚན་པའི་འབྱུང་འགྱུར་གྱི་གློག་ཤུགས་གནམ་གྲུའི་འདུས་གྲུབ་སྟེགས་བུར་མ་ཁེ་ལུང་གིས་དགའ་སྤྲོའི་ངང་ཀྲུང་གོའི་ཚོང་སྤྱོད་གནམ་གྲུ་ཆེན་མོའི་ནང་ལད་ཟློས་ཁ་ལོ་བའི་བཀོལ་སྤྱོད་ནང་ཞུགས། ཀྲུང་གོ་དང་ཕྱི་རྒྱལ་གྱི་འགོ་ཁྲིད་པས་ད་དུང་ཀྲུང་གོར་རང་བདག་གི་ཤེས་བྱའི་བདག་དབང་ཡོད་པའི་གློག་གཏོང་རྒྱང་ཤེལ་ཏེ“ཀྲུང་གོའི་ལྷ་མིག”དང“མཚོ་གཏིང་གི་དཔའ་བོ”རྟགས་ཅན་གྱི་མི་བཞུགས་ཡོ་ཆས་ཀྱི་དཔེ་དབྱིབས་ལ་བལྟས་པ་རེད།

1125195486_15729643236201n.jpg

“སྒོ་དབྱེའི་ཀྲུང་གོའི”ཚན་པར་རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣས་ཧྲང་ཧའེ་ཡི་རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་གནས་ཚུལ་ལ་གསན་པ་རེད།

“མཛེས་སྡུག་ལྡན་པའི་ཀྲུང་གོ”ཞེས་པའི་ཚན་པར་འཛམ་གླིང་གི་རིག་གནས་ཤུལ་བཞག“ཀྲུང་ཧྭའི་གྲོང་ཁྱེར་དང་པོ”་སྟེ་ལེའང་ཀྲུའུ་གནའ་གྲོང་གི་གནའ་ཤུལ་གྱི་དཔེ་དབྱིབས་སྐོར་བཤམས་ཡོད། དེར་རྒྱལ་ཁབ་ཁག་གི་འགོ་ཁྲིད་པས་བསྔགས་བརྗོད་ཡང་ཡང་གནང་།

“བདེ་སྐྱིད་ལྡན་པའི་ཀྲུང་གོ”ཞེས་པའི་ཚན་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལྡོག་རྩིས་དུས་ཚོད་ཀྱི་བརྙན་ཤེལ་མདུན་དུ་ཞི་ཅིན་ཕིང་གིས་ཀྲུང་གོས་རྒྱལ་ཁབ་ཁག་དང་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། ཐུན་མོང་གིས་དབུལ་ཕོངས་མེད་པ་དང་ཐུན་མོང་འཕེལ་རྒྱས་ཀྱི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

ཀྲུང་གོ་དང་ཕྱི་རྒྱལ་གྱི་འགོ་ཁྲིད་པས་ད་དུང་ཀྲུང་གོའི་ཐའེ་ཝན་དང་། ཨའོ་མོན། ཤང་ཀང་བཅས་ཀྱི་འགྲེམས་ཁུལ་ལ་མཉམ་དུ་སྐོར་ཞིབ་བྱས་པ་རེད།

1125195486_15729643030141n.jpg

རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་འབྲེལ་དེ་གོ་སྐབས་སུ་བརྩིས་ནས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ཁོང་ཚོས་ཀྲུང་གོའི་འཕེལ་རྒྱས་དང“རྒྱུད་གཅིག་ལམ་གཅིག”གི་འོད་སྟོང་འཕྲོ་བའི་མདུན་ལམ་ལ་ཡོངས་ཁྱབ་ངང་ལྟ་སྟངས་ཡག་པོ་འཛིན་པ་དང་ཀྲུང་གོ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་རེ་བ་བྱེད་ཀྱི་ཡོད།

ཏིང་ཞུའེ་ཞང་དང་། ལི་ཆང་། དབྱང་ཅེ་ཁྲི། ཧུའུ་ཁྲུན་ཧྭ། ཧོང་ཁུན་མིང་། ཝང་དབྱི། ཀྲའོ་ཁེ་ཀྲི། ཧི་ལི་ཧྥིན་སོགས་གོང་གསལ་བྱེད་སྒོའི་ནང་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།