ལིས་ཀྲན་ཧྲུའུ་ཡིས་ཁི་ལའོ་ཏི་ཡའི་གྲོས་ཞུགས་དཔོན་པོ་དབྱང་ཏི་ལའོ་ཁི་ཝེ་ཆི་ལ་མཇལ་འཕྲད་གནང་།

1125191871_15728727724201n.jpg

ཟླ་བཅུ་གཅིག་པའི་ཚེས་བཞི་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁི་ལའོ་ཏི་ཡའི་གྲོས་ཞུགས་དཔོན་པོ་དབྱང་ཏི་ལའོ་ཁི་ཝེ་ཆི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་བཞི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁི་ལའོ་ཏི་ཡའི་གྲོས་ཞུགས་དཔོན་པོ་དབྱང་ཏི་ལའོ་ཁི་ཝེ་ཆི་ལ་མཇལ་འཕྲད་གནང་།

 ལིས་ཀྲན་ཧྲུའུ་ཡིས་གྲོས་ཞུགས་དཔོན་པོ་དབྱང་ཏི་ལའོ་ཁི་ཝེ་ཆི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པར་ཞུགས་པར་ཡོང་བར་དགའ་བསུ་ཞུས། ཁོང་གིས་གསུངས་རྒྱུར། ཀྲུང་གོ་མི་དམངས་ཀྱིས་ལོ་ངོ་བདུན་ཅུའི་རིང་གི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་ཁྱད་འཕགས་རང་བཞིན་གྱི་དགེ་མཚན་ཆེན་པོ་ལྡན་པར་ངེས་ཤེས་གཏིང་ཟབ་ཡོད་པ་དང་། མི་དམངས་མང་ཚོགས་ལ་ཆེས་བདེ་སྐྱིད་ལྡན་པའི་ཁེ་ཕན་མང་པོ་བསྐྲུན་ཡོད་པས་ལམ་ལུགས་འདི་ལ་སེམས་གཏིང་ནས་བརྩི་བཀུར་དང་གཅེས་འཛིན་བྱེད་དགོས། ཀྲུང་གོས་ཁི་ལའོ་ཏི་ཡ་ནི་ཡོ་རོབ་གླིང་མནའ་འབྲེལ་དང་ཡོ་རོབ་གླིང་དབུས་ཤར་ས་ཁུལ་གྱི་ཆེས་གལ་ཆེ་བའི་མཉམ་ལས་གྲོགས་པོར་བརྩི་བཞིན་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་གི་སྣེ་ཁྲིད་འོག་ཏུ། མཐོ་རིམ་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དེ། ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་ལ་ཤུགས་སྣོན་འདོད་ཡོད་ཟེར།

དབྱང་ཏི་ལའོ་ཁི་ཝེ་ཆི་ཡིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུས། ཁོས་བསྟན་དོན། ཁི་ལའོ་ཏི་ཡས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་བཞིན་ཡོད་པར་མ་ཟད། ཧུར་ཐག་གིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ཁྲོད་ཞུགས་ནས་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།