ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སེར་ཝེ་ཡའི་ཙུང་ལི་པུའུ་ཨར་ན་པེ་ཆི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125191878_15728825353111n.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཞི་ཉིན་ཧྲང་ཧེ་ནས་སེར་ཝེ་ཡའི་ཙུང་ལི་པུའུ་ཨར་ན་པེ་ཆི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཞི་ཉིན་ཧྲང་ཧེ་ནས་སེར་ཝེ་ཡའི་ཙུང་ལི་པུའུ་ཨར་ན་པེ་ཆི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་པུའུ་ཨར་ན་པེ་ཆི་བརྒྱུད་ནས་ཙུང་ཐུང་ཝུའུ་ཆི་ཆི་ལ་བརྩེ་བའི་འཚམས་འདྲི་མཛད། ཞི་ཅིན་ཕིང་གིས་གསུངས་རྒྱུར། ཙུང་ཐུང་ཝུའུ་ཆི་ཆི་ཡིས་ཙུང་ལི་ཁྱེད་ཀྲུང་གོར་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པར་མངགས་པ་དེས་སེར་ཝེ་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་སེར་ཝེ་ཡའི་མཉམ་ལས་ལ་མཐོང་ཆེན་བྱེད་བཞིན་པ་ལེགས་པར་མཚོན་ཡོད། ཀྲུང་གོས་སེར་ཝེ་ཡའི་བར་གྱི་ཆབ་སྲིད་ཡིད་ཆེས་དང་སྲོལ་རྒྱུན་མཛའ་བརྩེ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་བ་དང་། ལག་རྡང་མཉམ་སྦྲེལ་གྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་ཏེ། ཀྲུང་གོ་དང་སེར་ཝེ་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་ཡང་བསྐྱར་རིམ་པ་གསར་པ་ཞིག་ཏུ་སྤར་ནས། ཁེ་ཕན་གཅིག་མཐུན་ཚོགས་པ་སྔར་ལས་དམ་པོ་ཞིག་བསྐྲུན་འདོད་ཡོད་ཟེར།

1125191878_15728847117191n.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཞི་ཉིན་ཧྲང་ཧེ་ནས་སེར་ཝེ་ཡའི་ཙུང་ལི་པུའུ་ཨར་ན་པེ་ཆི་ལ་མཇལ་འཕྲད་གནང་།

པུའུ་ཨར་ན་པེ་ཆི་ཡིས་བསྟན་དོན། སེར་ཝེ་ཡ་མུ་མཐུད་དུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་ཧུར་ཐག་གིས་ཞུགས་རྒྱུ་ཡིན་ལ། ཀྲུང་གོའི་མཐུན་གཉེར་ཁང་གིས་སེར་ཝེ་ཡ་ནས་མ་དངུལ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་གཏོང་བར་ནུས་པ་གང་ལེགས་འདོན་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།