ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་ཉེར་གཉིས་པར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་བཞི་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་མན་ཀུའུ་ནས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་ཉེར་གཉིས་པར་ཞུགས།

ལིས་ཁི་ཆང་གིས་གསུངས་རྒྱུར། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱིས་དེང་སྐབས་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བ་དང་འཛམ་གླིང་དཔལ་འབྱོར་འཕར་ཚད་ཇེ་དལ་དུ་འགྲོ་བར་དམིགས་ཏེ། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་ཞིང་ཉེན་ཁ་སྣ་ཚོགས་མཉམ་སེལ་བྱེད་པ་དང་། འཕེལ་རྒྱས་ཀྱི་བར་སྟོང་རྒྱ་བསྐྱེད་ནས་ས་གནས་དང་འཛམ་གླིང་དཔལ་འབྱོར་བརྟན་འཇགས་སྒོས་འཕར་བར་སྒུལ་ནུས་གསར་བ་སྣོན་དགོས། གཅིག སྔར་ལས་མཐོ་བའི་ཆུ་ཚད་ཀྱི་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་དགོས། གཉིས། ས་གནས་ཀྱི་མཉམ་སྦྲེལ་མཉམ་མཐུད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས། གསུམ། ས་གནས་ཀྱི་དངུལ་རྩའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། བཞི། རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལྔ། མི་གཞུང་བརྗེ་རེས་རྒྱ་ཆེར་སྤེལ་དགོས་ཟེར།

ཚོགས་འདུར་ཞུགས་པའི་འགོ་ཁྲིད་པས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་བར་གྱི་མཉམ་ལས་ཐད་ནས་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་གནང་བར་མ་ཟད། ཉོ་ཚོང་དངུལ་གཏོང་དང་རིག་སྟོབས་གྲོང་ཁྱེར། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ས་གནས་ཀྱི་བརྟན་འཇགས་དང་དར་རྒྱས་ཐད་ལ་ནུས་ཤུགས་གང་ཡོད་འདོན་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།