ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཨོ་སི་ཁྲི་ལི་ཡའི་ཙུང་ལི་མའོ་ལིས་སིན་དང་མཉམ་དུ་ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡའི་ཙུང་ལིའི་ཐུག་འཕྲད་སྐོར་ཐེངས་བདུན་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125187496_15727839919791n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་མན་ཀུའུ་ནས་ཨེ་ཤ་ཡ་ཤར་མའི་མཉམ་ལས་འགོ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པར་ཞུགས་པའི་སྐབས་སུ་ཨོ་སི་ཁྲི་ལི་ཡའི་ཙུང་ལི་མའོ་ལིས་སིན་དང་མཉམ་དུ་ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡའི་ཙུང་ལིའི་ཐུག་འཕྲད་སྐོར་ཐེངས་བདུན་པ་བསྡུས།

ལིས་ཁི་ཆང་གིས་གསུངས་རྒྱུར། བརྟན་འཇགས་འཕེལ་རྒྱས་ཀྱི་ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡའི་འབྲེལ་བས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་པར་མ་ཟད་ས་གནས་དང་འཛམ་གླིང་གི་བརྟན་འཇགས་དང་འཕེལ་རྒྱས་ལ་ཕན་པ་ཡོད། ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡའི་བར་དུ་ལོ་རྒྱུས་ཀྱི་ཞེ་འཁོན་དང་ཁེ་ཕན་བར་དུ་འགལ་བ་ཅི་ཡང་མེད། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡའི་འབྲེལ་བའི་ཁ་ཕྱོགས་ཆེན་པོ་གསལ་བོ་ཤེས་པར་བྱས་ཏེ། འཕེལ་རྒྱས་ཀྱི་གོ་སྐབས་བཟང་བོ་དམ་འཛིན་བྱེད་པ་དང་ཐུན་མོང་གི་ཁེ་ཕན་གཅིག་སྡུད་བྱེད་དགོས་ལ། འགལ་བ་སྣ་ཚོགས་འོས་འཚམ་སྒོས་ཐག་བཅད་ནས་ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡའི་འབྲེལ་བ་དེ་རྒྱུན་ལྡན་གྱི་བགྲོད་ལམ་དུ་ཞུགས་པར་མ་ཟད་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

མའོ་ལིས་སིན་གྱིས་བཤད་རྒྱུར། ཀྲུང་གོའི་འཕེལ་རྒྱས་ནི་མིའི་རིགས་ལོ་རྒྱུས་སྟེང་དུ་བྱས་རྗེས་ངོ་མཚར་ཅན་བཞག་པ་ཡིན། ཨོ་སི་ཁྲི་ལི་ཡ་དང་ཀྲུང་གོ་ནི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་ཡིན་པའི་ཆ་ནས་ཕྱོགས་གཉིས་དང་འཛམ་གླིང་གི་ཁྱབ་ཁོངས་སོ་སོ་རུ་ཁེ་ཕན་རྒྱ་ཆེན་པོ་གནས་ཡོད། ཨོ་སི་ཁྲི་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ཁྱོན་ཡོངས་ནས་སླར་གསོ་བྱེད་པར་རེ་སྒུག་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།