ཀྲུང་གོ་བོད་ཀྱི་དྲ་བ།

ཉིས་སྟོང་བཅུ་དགུ་ལོའི་མཚོ་འགག་འགྲམ་གཉིས་ཀྱི་ཁེ་ལས་པའི་ཙི་ཅིན་རི་བོའི་མཐོ་རིམ་གྲོས་ཚོགས་ཚེས་བཞི་ཉིན་ཅང་སུའུ་ནན་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125191404_15728709380431n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་བཅུ་དགུ་ལོའི་མཚོ་འགག་འགྲམ་གཉིས་ཀྱི་ཁེ་ལས་པའི་ཙི་ཅིན་རི་བོའི་མཐོ་རིམ་གྲོས་ཚོགས་ཚེས་བཞི་ཉིན་ཅང་སུའུ་ནན་ཅིན་ནས་ཚོགས།    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།   རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཝང་དབྱང་གིས་བསྟན་དོན།  ད་ལོའི་ལོ་འགོར།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེ་ཝན་སྤུན་ཟླར་སྤྲིངས་པའི་འཕྲིན་ཡིག་སྤེལ་ཏེ་ལོ་འཁོར་བཞི་བཅུ་ལོར་རྗེས་དྲན་ཞུ་བའི་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་སྟེ་ཞི་བདེ་གཅིག་གྱུར་གྱི་སྲིད་ཇུས་ཆེན་པོ་ལྔའི་འདོན་བློ་བཏོན་ཏེ་མཚོ་འགག་འགྲམ་གཉིས་མཉམ་བསྲེས་འཕེལ་རྒྱས་གཏིང་ཟབ་ཏུ་སྤེལ་བ་དང་མཚོ་འགག་འགྲམ་གཉིས་ཀྱི་ཐུན་མོང་གི་ཁྲོམ་ར་བསྐྲུན་པ།  ཀྲུང་ཧྭ་མི་རིགས་ཀྱི་དཔལ་འབྱོར་སྟོབས་ལྡན་དུ་གཏོང་བ།  ཞི་བདེ་གཅིག་གྱུར་གྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།  ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱིས་མཉམ་བསྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ་དང་ཐུན་མོང་གི་ཁྲོམ་ར་བསྐྲུན་རྒྱུ་བརྗོད་དོན་དུ་བྱས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པར་མ་ཟད།  དེ་ཡིས་མཚོ་འགག་འགྲམ་གཉིས་ཀྱི་ཐུན་མོང་གི་རེ་འདུན་མཚོན་པར་བྱས་ཡོད་ལ།   ཐེ་ཝན་ཕྱོགས་ཀྱི་ཚོགས་ཞུགས་མི་གྲངས་ལོ་རྒྱུས་ཀྱི་མཐོ་ཚད་དུ་སླེབས་པ་དེས་རྒྱ་ཆེའི་མཚོ་འགག་འགྲམ་གཉིས་ཀྱི་བརྗེ་རེས་མཉམ་ལས་ནི་མི་སེམས་ཀྱི་རེ་སྙེག་བྱེད་ས་དང་དུས་ཀྱི་འཁོར་ཕྱོགས་ཡིན་པ་མཚོན་པར་བྱས་ཡོད་ཟེར།

ཝང་དབྱང་གིས་ནན་གྱིས་བསྟན་དོན།  མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་དེ་ཀྲུང་ཧྭ་མི་རིགས་ཀྱི་དཔལ་འབྱོར་དང་འདྲ་བར་མ་དངུལ་དང་ཁྲོམ་ར།   ལག་རྩལ།  ཤེས་ལྡན་མི་སྣ་སོགས་ཀྱི་ཐད་སོ་སོའི་དགེ་མཚན་ཡོད་པས།   ཕན་ཚུན་སྒོ་འབྱེད་ཁྲོད་མཉམ་བསྲེས་འཕེལ་རྒྱས་བཏང་ན་ད་གཟོད་སྔར་ལས་བཟང་བོའི་སྒོ་ནས་རྒྱལ་སྤྱིའི་འགྱུར་ལྡོག་ལ་ཁ་གཏད་འཇལ་ཐུབ་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།