ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་བྱང་སྐར་ཕྱོགས་སྟོན་སྲུང་སྐར་ཨང་49པ་བདེ་བླག་ངང་འཕེན་གཏོང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་11པའི་ཚེས་5ཉིན་གྱི་ཆུ་ཚོད་01དང་སྐར་མ་43ཐོག་རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་གསུམ་པ་རྟགས་ཅན་གྱི་མེ་ཤུགས་འཕུར་མདའ་ཁ་བ་བཀོལ་ནས། ཕྱོགས་སྟོན་སྲུང་སྐར་ཨང་49པ་བདེ་བླག་ངང་འཕེན་གཏོང་བྱས། དེས་བྱང་སྐར་གསུམ་པའི་མ་ལག་གི་སའི་གོ་ལའི་མཉམ་བགྲོད་འཁོར་ལམ་ཐོག་གི་གཡོ་གཟུར་སྲུང་སྐར་3ཚང་མ་འཕེན་གཏོང་བྱས་ཚར་བ་མཚོན་ཡོད།

1125192243_15729106157431n.jpg

2017ལོའི་ཟླ་11ཚེས་5ཉིན་བྱང་སྐར་ཨང་གསུམ་པའི་དྲ་བའི་སྲུང་སྐར་དང་པོ་དང་གཉིས་པ་བདེ་བླག་ངང་མཁའ་དབྱིངས་སུ་འཕུར་བ་དང་འཁོར་ལམ་ཐོག་གོ་ལ་ཧྲིལ་པོའི་དྲ་སྦྲེལ་གྱི་དུས་རབས་གསར་པ་བཏོད་ཡོད། ལོ་གཉིས་ཀྱི་དུས་ཚོད་ནང་། ལས་གྲྭའི་མ་ལག་ཆེ་གྲས་7དང་། ཞིབ་འཇུག་དང་ཚོད་ལྟའི་ནང་ཞུགས་མཁན་ཚན་པ་300། ཚན་ཞིབ་མི་སྣ་ཁྲི་ཁ་ཤས་དང་དཔུང་པ་མཉམ་གཤིབ་ཀྱིས་སྲུང་སྐར་འཕེན་གཏོང་གི་ལས་འགན་ཐེངས་16ལེགས་གྲུབ་ངང་ལེགས་སྒྲུབ་བྱས་པ་དང་། མིག་སྔར་བྱང་སྐར་མ་ལག་འཛུགས་སྐྲུན་དེ་རྒྱལ་ཕམ་ཐག་གཅོད་དང་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་ཡོད་པ་དང་། རྗེས་མཐུད་དུ་བྱང་སྐར་་དྲ་རྒྱའི་སྲུང་སྐར་6འཕེན་གཏོང་བྱས་ནས་གོ་ལ་ཧྲིལ་པོའི་མ་ལག་ཁྱོན་ཡོངས་ནས་བསྐྲུན་རྒྱུ་ཡིན་པ་རེད།

ད་ཐེངས་འཕེན་གཏོང་བྱས་པའི་ཕྱོགས་སྟོན་སྲུང་སྐར་དང་ལེ་ལག་ཚང་བའི་སྲུང་སྐར་ནི་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཀྱི་ཀྲུང་གོ་བར་སྣང་ལག་རྩལ་ཞིབ་འཇུག་ཁང་དང་ཀྲུང་གོ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་ལག་རྩལ་ཞིབ་འཇུག་ཁང་གིས་སྤྱིའི་ཞིབ་བཟོ་ལ་དམ་འཛིན་བྱས་པ་ཞིག་རེད། འདི་ནི་རྒྱང་སྐྱོད་རྟགས་ཅན་གྱི་མེ་ཤུགས་འཕུར་མདའ་རབ་དང་རིམ་པའི་འཕུར་སྐྱོད་ཐེངས་317པ་རེད།

1125192243_15729106256461n.jpg

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།