ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ལིན་ཀྲེང་ཡེ་ཨུ་དང་མཇལ་ཕྲད་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125192217_15728875045641n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་11ཚེས་4ཉིན་གྱི་དགོང་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཞུགས་མཁན་ཤང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་ཡེ་ཨུ་དང་མཇལ་འཕྲད་གནང་བ་རེད།

1125192217_15728875144031n.jpg

ཤང་ཀང་གི་ཉེ་དུས་དུས་བབ་སྐོར་གྱི་ལིན་ཀྲེང་ཡེ་ཨུའི་སྙན་ཞུར་གསན་རྗེས་ཞི་ཅིན་ཕིང་གིས་ཤང་ཀང་གི“ཁྲིམས་བཅོས་དོན་རྐྱེན”ཟླ་བ་ལྔར་རྒྱུན་མཐུད་བྱས་པ་དང་ཁྱེད་ཀྱིས་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དེ་རང་འགན་གཙང་སྒྲུབ་ཀྱིས་སྤྱི་ཚོགས་ཁོར་ཡུག་བརྟན་བརླིང་དང་སྤྱི་ཚོགས་ཀྱི་རྣམ་པ་ཇེ་ལེགས་སུ་བཏང་ནས་དཀའ་ཚེགས་ཆེ་བའི་ལས་དོན་འབོར་ཆེན་བསྒྲུབས་ཡོད། ཀྲུང་དབྱང་གིས་ཁྱོད་ལ་ཡིད་ཆེས་ཆེན་པོ་བྱེད་པ་དང་ཁྱོད་དང་དོ་དམ་རུ་ཁག་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བཞིན་ཡོད། གཏུམ་སྤྱོད་བཀག་འགོག་དང་སྒྲིག་ལམ་སླར་གསོ་བྱ་རྒྱུ་ནི་སྔར་བཞིན་ཤང་ཀང་གི་མིག་སྔའི་ལས་འགན་གལ་ཆེ་ཤོས་ཤིག་རེད། གཏུམ་སྤྱོད་བྱེད་སྤྱོད་ལ་ཁྲིམས་ལྟར་བཀག་འགོག་དང་ཁྲིམས་གཅོད་བྱེད་པ་ནི་ཤང་ཀང་གི་རྒྱ་ཆེའི་མང་ཚོགས་ཀྱི་བདེ་སྐྱིད་ལ་སྲུང་སྐྱོང་བྱེད་པ་ཡིན་པས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་དགོས། དུས་མཚུངས་སུ་སྤྱི་ཚོགས་ལས་རིགས་ཁག་དང་གླེང་མོལ་དང་དམངས་འཚོ་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་ལས་དོན་ཡག་པོར་སྒྲུབ་དགོས། ཤང་ཀང་གི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་དང་གཞི་རྩའི་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་བྱས་ཏེ་ཕྱར་བ་གྲུ་འདེགས་ཀྱིས་ཐུན་མོང་ཐོག་ཤང་ཀང་གི་དར་རྒྱས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཏིང་ཞུའེ་ཞང་དང་། དབྱང་ཅེ་ཁྲི། ཝང་དབྱི། ཀྲའོ་ཁེ་ཀྲི་སོགས་མཇལ་འཛོམས་ནང་ཞུགས་པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།