ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་སྨི་ཙའོ་ཐ་ཅི་སི་དང་མཇལ་འཕྲད་གནང་བ།

ཡོང་ཁུངས། : ཤིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཞི་ཉིན་ཧྲང་ཧེ་ནས་ཀེ་རི་སེའི་ཙུང་ལི་སྨི་ཙའོ་ཐ་ཅི་སི་ལ་མཇལ་འཕྲད་གནང་།

1125191808_15728839003521n.jpg

ཞི་ཅིན་ཕིང་གིས་སྨི་ཙའོ་ཐ་ཅི་སི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཕེབས་པར་དགའ་བསུ་ཞུས་ཤིང་། ཞི་ཅིན་ཕིང་གིས་ཀྲུང་གོས་ནང་འདྲེན་དངོས་མང་སྟོན་ཚོགས་གཉེར་བ་ནི་ཀྲུང་གོས་ཚོང་དོན་རང་མོས་ཅན་དང་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་དང་རང་འགུལ་ངང་འཛམ་གླིང་ལ་ཁྲོམ་རའི་སྒོ་མོ་ཕྱེས་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས་རྒྱལ་ཁབ་ཁག་གི་དཔལ་འབྱོར་ཚོང་དོན་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་ཚོང་དོན་དང་འཛམ་གླིང་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད། ང་ཚོས་ཀེ་རི་སེ་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཡིན་པའི་ངོས་ནས་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་སྟེགས་བུ་སྤྱད་དེ་ཀྲུང་གོའི་འཛད་སྤྱོད་པར་ཁྱེད་ཚོའི་རྒྱལ་ཁབ་ཀྱི་སྤུས་ལེགས་ཁྱད་ལྡན་ཐོན་རྫས་འོས་སྦྱོར་ཧུར་ཐག་བྱེད་རྒྱུ་ཡིན་ཞེས་བསྟན།  

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཀེ་རི་སེའི་འབྲེལ་བ་ནི་སྲོལ་རྒྱུན་མཛའ་གྲོགས་དང་། ཕན་ཚུན་བརྩི་འཇོག ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་པོ་དང་། མཉམ་ལས་ཀྱི་རྨང་གཞི་ཡག་པོ་བཅས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀེ་རི་སེ་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་གི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། མཛའ་གྲོགས་དང་ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་དང་ལྷག་པར་དུ་པིས་ལེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ཀྱི་སྣེ་ཁྲིད་དང་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས་ནུས་རྒྱུ་དང་། འགྲིམ་འགྲུལ། འཕྲིན་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་པོ་བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་འདོད་ཡོད་ཅེས་གསུངས་པ་རེད། ཀྲུང་གོ་དང་ཀེ་རི་སེ་གཉིས་ནི་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཡིན་པས་ཕྱོགས་གཉིས་པོས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་ཤེས་དཔལ་གྱི་སྐད་ཆ་ཤོད་རེས་དར་སྤེལ་བཏང་ནས་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་མཐུན་སྦྱོར་རྒྱུན་འཁྱོངས་བྱེད་དགོས། ཀེ་རི་སེ་ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་མཉམ་ལས་ལམ་སྲོལ་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་དང་ཀེ་རི་སེས་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུར་རེ་སྒུག་བྱེད་བཞིན་ཡོད་ཞེས་ནན་གྱིས་བསྟན།

1125191808_15728839003541n.jpg

སྨི་ཙའོ་ཐ་ཅི་སིས་ཀེ་རི་སེའི་དཔལ་འབྱོར་ཚོང་དོན་འཐུས་མི་ཚོགས་པ་ཆེ་གྲས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཞུགས་པར་ཧ་ཅང་དགའ་པོ་བྱུང་། ཀེ་རི་སེ་དང་ཀྲུང་གོ་ནི་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ཀྱིས་གཉིས་ཕན་མཉམ་ལས་ཀྱིས་མི་དམངས་ལ་ཕན་ཁེ་བསྐྲུན་པ་དང་ལྷག་པར་དུ་པིས་ལེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་དེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྣམ་གྲངས་གཙོ་བོར་གྱུར་ཡོད། ཀེ་རི་སེས་ཀྲུང་གོར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བསྔགས་བརྗོད་བྱེད་བཞིན་ཡོད་པས། ཀྲུང་གོའི་བློས་འགེལ་ཆོག་པའི་མཉམ་ལས་རོགས་ཟླ་ཡིན་པས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་བཞིན་ཡོད། ཀེ་རི་སེའི་མི་དམངས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་སྔ་མོ་ནས་ཀེ་རི་སེར་འཚམས་འདྲིར་ཕེབས་རྒྱུར་རེ་སྒུག་བྱས་ཡོད། ཀེ་རི་སེས་ཀྲུང་གོར་མུ་མཐུད་དུ་སྒོ་ཕྱེས་ནས་ཀྲུང་གོའི་ཁེ་ལས་ཀྱིས་མ་འཇོག་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀེ་རི་སེས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱས་ནས་ཡོ་རོབ་དབུས་ཤར་རྒྱལ་ཁབ་མཉམ་དུ་ཀྲུང་གོའི་མཉམ་ལས་ནང་ཧུར་ཐག་ཞུགས་རྒྱུ་ཡིན་པས། ཀེ་ཀྲུང་འབྲེལ་བ་མ་འོངས་པརདེ་བས་འོད་སྟོང་ལྡན་པ་ཞིག་ཡོང་རྒྱུར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

ཏིང་ཞུའེ་ཞང་དང་། ལི་ཆང་། དབྱང་ཅེ་ཁྲི། ཝང་དབྱི། ཧེ་ལི་ཧྥིན་སོགས་མཇལ་འཛོམས་ནང་ཞུགས་པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།