ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་མན་ཀུའུ་ལ་ཐོན་ནས་ཨེ་ཤ་ཡ་ཤར་ལྷོའི་མཉམ་ལས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ལ་ཞུགས་རྒྱུ་མ་ཟད་ཐེ་གོར་དངོས་གཞིའི་འཚམས་འདྲི་མཛད་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125185416_15727131371701n.jpg

ས་དེའི་ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན་གྱི་དགོང་མོར། ཐེ་གོའི་ཙུང་ལི་པ་ཡུས་ཀྱིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཆེད་བཏང་གནམ་གྲུར་བཞུགས་ཏེ་མན་ཀུའུ་ཡི་སུའུ་ཝན་ན་ཕུའུ་གནམ་གྲུ་ཐང་དུ་ཐོན་ནས། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་ཁྲིད་པའི་གྲོས་ཚོགས་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་འཇར་ཧན་གསུམ་གྱི་མགོ་ཁྲིད་པའི་གྲོས་ཚོགས། ཨེ་ཤ་ཡ་ཤར་ལྷོའི་མཐོ་རིམ་གྲོས་ཚོགས་སྐབས་བཅུ་བཞི་པ་བཅས་ལ་ཞུགས་རྒྱུ་མ་ཟད། ཐེ་གོར་དངོས་གཞིའི་འཚམས་འདྲི་མཛད་མགོ་བརྩམས། ཐེ་གོའི་ཙུང་ལི་གཞོན་པ་སུང་ཆི་ཡིས་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཁྲིད་ནས་གནམ་གྲུ་ཐང་དུ་ཡོང་སྟེ་བསུ་མ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན་གྱི་དགོང་མོར། ཐེ་གོའི་ཙུང་ལི་པ་ཡུས་ཀྱིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཆེད་བཏང་གནམ་གྲུར་བཞུགས་ཏེ་མན་ཀུའུ་ཡི་སུའུ་ཝན་ན་ཕུའུ་གནམ་གྲུ་ཐང་དུ་ཐོན་ནས། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་ཁྲིད་པའི་གྲོས་ཚོགས་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་འཇར་ཧན་གསུམ་གྱི་མགོ་ཁྲིད་པའི་གྲོས་ཚོགས། ཨེ་ཤ་ཡ་ཤར་ལྷོའི་མཐོ་རིམ་གྲོས་ཚོགས་སྐབས་བཅུ་བཞི་པ་བཅས་ལ་ཞུགས་རྒྱུ་མ་ཟད། ཐེ་གོར་དངོས་གཞིའི་འཚམས་འདྲི་མཛད་མགོ་བརྩམས།

ཐེ་གོའི་ཙུང་ལི་གཞོན་པ་སུང་ཆི་ཡིས་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཁྲིད་ནས་གནམ་གྲུ་ཐང་དུ་ཡོང་སྟེ་བསུ་མ་བྱས།

ལིས་ཁི་ཆང་གིས་བསྟན་དོན། དེང་སྐབས་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་པ་དང་། གཏན་འཇགས་མིན་ལ་ངེས་གཏན་མེད་པའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བ་སོགས་ཀྱི་འགྲན་རྩོད་འོག་ཏུ། རྒྱལ་ཁབ་གང་ཡིན་རུང་ཐབས་མཁས་རང་སྲུང་བྱེད་མི་ཐུབ་པས། མཉམ་ལས་ནི་ད་གཟོད་འཕེལ་ཕྱོགས་ཆེན་པོ་ཡིན་ལ། མཉམ་ལས་བྱས་ན་ད་གཟོད་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་ཐུབ། ཀྲུང་གོས་ཨེ་ཤ་ཡ་ཤར་ལྷོའི་མགོ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པས་དངོས་གཉེར་མཉམ་ལས་དང་། ཕྱོགས་མང་རིང་ལུགས། རང་དབང་ཉོ་འཚོང་། གྲོས་མོལ་གྲོས་སྡུར་བཅས་ལ་དམ་དུ་དམིགས་ནས། ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་དང་། རང་ས་ཁུལ་གྱི་རྒྱལ་ཁབ་དག་གི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་ལ་རྒྱབ་སྐྱོར་བྱེད་རྒྱུ། ཆུ་ཚད་སྔར་ལས་མཐོ་བའི་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་བསྐྲུན་རྒྱུ་བཅས་བྱས་ནས། ཨེ་ཤ་ཡ་ཤར་ལྷོའི་མཉམ་ལས་འཕེལ་རྒྱས་སྔར་ལས་ཆེན་པོ་གཏོང་བར་སྐུལ་འདེད་གཏོང་རྒྱུར་རེ་སྒུག་བྱས་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཐེ་གོ་གཉིས་ནི་མཛའ་མཐུན་གྱི་ཁྱིམ་མཚེས་བཟང་པོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ཐང་དང་གཏན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ངས་ཐེངས་འདིའི་འཚམས་འདྲི་བརྒྱུད་དེ་ཀྲུང་གོ་དང་ཐེ་གོའི་མཛའ་བརྩེ་སྔར་ལས་ཇེ་ཟབ་དང་གཉིས་ཕན་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཐེ་གོ་གཉིས་ཁྱིམ་ཚང་གཅིག་ལྟ་བུ་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་ཐེ་གོའི་དངོས་གཉེར་མཉམ་ལས་སྔར་ལས་ཇེ་བཟང་དུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་མ་ཆད་པར་གོང་འཕེལ་དུ་གཏོང་བའི་ཐད་ནས་གྲུབ་འབྲས་བཟང་པོ་ལོན་པར་རེ་སྒུག་བྱས་ཡོད་ཟེར།

ཚོགས་འདུའི་སྐབས་སུ། ལིས་ཁི་ཆང་ད་དུང་ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བ་ཆོད་དོན་གྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་གསུམ་པ་དང་། རྒྱུན་སྲིང་འཕེལ་རྒྱས་ཀྱི་གུང་ཚིགས་ཚོགས་འདུ་ལ་ཞུགས་རྒྱུ་མ་ཟད། འབྲེལ་ཡོད་རྒྱལ་ཁབ་ཀྱི་མགོ་ཁྲིད་པར་མཇལ་འཕྲད་གནང་རྒྱུ་རེད།

ཐེ་གོར་འཚམས་འདྲི་མཛད་སྐབས། ལིས་ཁི་ཆང་གིས་ཙུང་ལི་པ་ཡུས་ལ་གྲོས་མོལ་མཛད་རྒྱུ་མ་ཟད། ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་འགོར་པར་བདེན་དཔང་བྱེད་རྒྱུ་དང་། མཉམ་དུ་གསར་འགོད་པར་མཇལ་འཕྲད་བྱེད་རྒྱུ་དང་། ཐེ་གོའི་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣར་འབྲེལ་འདྲིས་རྒྱ་ཆེར་གནས་རྒྱུ་རེད།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།