ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་སྲིད་གཞུང་གི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅོ་བརྒྱད་པར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཐ་ཧྲི་ཀན་ནས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་སྲིད་གཞུང་གི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅོ་བརྒྱད་པར་ཞུགས།

ལིས་ཁི་ཆང་གིས་གསུངས་རྒྱུར། ཧྲང་ཧེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་བཅོ་བརྒྱད་ཀྱི་རིང་ལ་མཉམ་ལས་གྲུབ་འབྲས་ཆེན་པོ་ཐོབ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུས་ཧྲི་ཁེ་ཁི་མཐོ་རིམ་གྲོས་ཚོགས་སྟེང་སྔར་ལས་དམ་པོའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་གསར་སྐྲུན་བྱེད་པའི་གྲོས་འགོ་བཏོན། དེང་སྐབས་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་འཛམ་གླིང་གི་དཔལ་འབྱོར་འཕར་ཚད་སྒུལ་ནུས་ཇེ་ཞན་དུ་འགྲོ་བཞིན་ཡོད། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱིས་མཐོ་རིམ་འགོ་གཙོའི་གྲོས་ཚོགས་ཀྱི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱས་ཏེ་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

ལིས་ཁི་ཆང་གིས་བསྟན་དོན། དེང་སྐབས་ཧྲང་ཧེ་མཉམ་ལས་རྩ་འཛུགས་དེ་སྔར་སྲོལ་རྗེས་མཐུད་ཀྱི་གནད་འགག་དུས་སྐབས་སུ་བསླེབས་ཡོད་པས། ཧྲང་ཧེའི་སྙིང་སྟོབས་མུ་མཐུད་དུ་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་མཉམ་དུ་འཛུགས་སྐྲུན་བྱས་ནས། ས་གནས་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཚོགས་འདུར་ཞུགས་པའི་ཕྱོགས་སོ་སོས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱིས་མཉམ་ལས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་གསར་བར་ཁས་ལེན་གང་ལེགས་བྱས་པར་མ་ཟད་ཧྲང་ཧེའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ་པུས་ཧྲི་ཁེ་ཁི་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་དང་རྒྱལ་ཁབ་རང་རང་གི་འཕེལ་རྒྱས་དང་ས་གནས་ཀྱི་དར་རྒྱས་དང་བརྟན་འཇགས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།