ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་པེ་ཅིན་དང་ཐེན་ཅིན་གྲོང་ཁྱེར། ཧུའུ་པེ་ཞིང་ཆེན་དང་མཐའ་འཁོར་ས་ཁུལ་གྱི་མཁའ་དབུགས་བཙོག་བཟོ་འགོག་བཅོས་འགོ་ཁྲིད་ཚན་ཆུང་གི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20191103093334dSX8.jpg

ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན། ཧན་ཀྲིན་པེ་ཅིན་དང་ཐེན་ཅིན་གྲོང་ཁྱེར། ཧུའུ་པེ་ཞིང་ཆེན་དང་མཐའ་འཁོར་ས་ཁུལ་གྱི་མཁའ་དབུགས་བཙོག་བཟོ་འགོག་བཅོས་འགོ་ཁྲིད་ཚན་ཆུང་གི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་ཞུགས།

     ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པེ་ཅིན་དང་ཐེན་ཅིན་གྲོང་ཁྱེར། ཧུའུ་པེ་ཞིང་ཆེན་དང་མཐའ་འཁོར་ས་ཁུལ་གྱི་མཁའ་དབུགས་བཙོག་བཟོ་འགོག་བཅོས་འགོ་ཁྲིད་ཚན་ཆུང་གི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་ལ་གནང་། ཚོགས་ཐོག་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་པ་དང་། སྟོན་དགུན་དུས་ཀྱི་མཁའ་དབུགས་བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་ལས་འགན་དང་རང་བྱུང་སོལ་རླངས་འདོན་སྤྲོད་ལ་འགན་སྲུང་བྱེད་པ་སོགས་ཀྱི་བྱ་བར་བཀོད་སྒྲིག་བྱས།

    ཧན་ཀྲིན་གྱིས་བསྟན་དོན། གོ་རིམ་རྗེས་མའི་མཁའ་དབུགས་བཙོག་བཟོ་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་ན། གནད་དོན་གྱི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ་དང་། གནས་བབ་ལ་རྒྱུས་ལོན་ཡང་དག་བྱེད་པ། ཡོད་ཚད་གནས་ཚུལ་དངོས་ལ་རྐང་བཙུགས་ཏེ། གནད་ལ་འཁེལ་བའི་སྒོ་ནས་སྲིད་ཇུས་བཀོལ་སྤྱོད་བྱེད་པར་དོ་སྣང་བྱེད་དགོས། རྩ་ལག་མཉམ་བཅོས་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། བཙོག་བཟོ་འགོག་བཅོས་ཀྱི་ལས་འགན་གཙོ་བོ་ལག་བསྟར་བྱས་ནས། མཁའ་དབུགས་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

    ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། སྟོན་དགུན་དུས་ཀྱི་མཁྲེགས་གཏོར་ཇུས་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ། དུས་ཚོད་རེའུ་མིག་དང་འགན་འཁྲི་མི་སྣ་གཏན་ཁེལ་གསལ་བོ་བྱས་ཏེ། བྱེད་ཐབས་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས། ཁུལ་ཁོངས་མཉམ་ལས་བཅོས་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁུལ་ཁོངས་ཐོན་ལས་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གྱི་བར་སྟོང་གྲུབ་ཚུལ་ལེགས་བསྒྱུར་བྱེད་པ། ཁུལ་ཁོངས་མཉམ་འབྲེལ་སྒོས་ཁྲིམས་འཛིན་སྤེལ་ནས། འབུར་ཐོན་གནད་དོན་ཡང་བསྐྱར་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། སྐྱེལ་འདྲེན་གྲུབ་ཚུལ་ལ་ལེགས་སྒྲིག་བྱེད་པ་དང་། གཞུང་ལམ་ལྕགས་ལམ་དུ་བསྒྱུར་ནས། ལྕགས་ལམ་དང་གྲུ་ཁའི་སྦྲེལ་ལམ་དང་། བཟོ་གཏེར་ཁེ་ལས་ཀྱི་ལྕགས་ལམ་ཆེད་སྤྱོད་ལམ་ཐིག་སོགས་རྨང་གཞི་སྒྲིག་ཆས་གལ་ཆེན་འཛུགས་སྐྲུན་བྱད་དགོས། རིགས་བགར་ནས་བྱེད་ཐབས་སྤྱོད་པ་རྒྱུན་འཁྱོངས་བྱས་ཏེ། མཁའ་དབུགས་བཙོག་བཟོ་ལ་ཁ་གཏད་འཇལ་དགོས། མུ་མཐུད་དུ་མཁའ་དབུགས་བཙོག་བཟོ་ཐད་ཀྱི་ལས་གཞི་ལ་དམ་འཛིན་བྱས་ནས། ཁུལ་ཁོངས་མཁའ་དབུགས་ཀྱི་སྤུས་ཚད་ལེགས་བསྒྱུར་བྱེད་པའི་ཐད་ཤུགས་ཡོད་ཀྱི་ཚན་རྩལ་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།


རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།