ཞི་ཅིན་ཕིང་གིས་རུས་བརྐོས་ཡི་གེ་རྙེད་པ་དང་ཞིབ་འཇུག་བྱས་ནས་ལོ་འཁོར་བརྒྱ་དང་ཉི་ཤུ་ལོན་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རུས་བརྐོས་ཡི་གེ་རྙེད་པ་དང་ཞིབ་འཇུག་བྱས་ནས་ལོ་འཁོར་བརྒྱ་དང་ཉི་ཤུ་ལོན་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ཏེ། དུས་ཡུན་རིང་བོར་རུས་བརྐོས་ཡི་གེ་སོགས་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱས་པའི་ཆེད་མཁས་པ་དང་ཤེས་ཡོན་ཅན་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པར་མ་ཟད་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བསྟན་དོན། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུའི་རིང་ལ། ཏང་དང་རྒྱལ་ཁབ་ཀྱིས་རུས་བརྐོས་ཡི་གེ་འཐུས་ཚབ་ཡིན་པའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཐད་ལ་ཧ་ཅང་མཐོང་ཆེན་བྱས་ཤིང་། ལས་ཁུངས་མང་པོ་དང་བསླབ་ཚན་མང་པོས་མཐུན་སྦྱོར་སྒོས་རུས་བརྐོས་ཡི་གེ་ལ་ཞིབ་འཇུག་དང་བཀོལ་སྤྱོད་བྱས་པ་དང་བསླབ་ཚན་བརྒལ་བའི་ཤེས་ལྡན་མི་སྣ་སྐོར་ཞིག་སྐྱེད་སྲིང་བྱས། མི་རབས་འགའ་ཡིས་དཀའ་སྤྱད་སྒོས་འབད་བརྩོན་བྱས་འོག རུས་བརྐོས་ཡི་གེ་ལ་ཞིབ་འཇུག་བྱེད་པའི་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ། གནས་བབ་གསར་བའི་འོག་ཏུ། རུས་བརྐོས་ཡི་གེ་སོགས་གནའ་བོའི་ཡི་གེ་ལ་ཞིབ་འཇུག་བྱེད་མཁན་ཡོད་པ་དང་དེ་རྒྱུན་འཛིན་བྱེད་མཁན་ཡོད་པ་འགན་སྲུང་བྱེད་དགོས། རྒྱ་ཆེའི་ཞིབ་འཇུག་པ་རྣམས་ཀྱིས་རིག་གནས་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་རྒན་རབས་ཞིབ་འཇུག་པའི་སྤྱོད་ཚུལ་ལེགས་པོ་དར་སྤེལ་བྱས་ཏེ། རུས་བརྐོས་ཡི་གེ་ཡི་ལོ་རྒྱུས་བསམ་བློ་དང་རིག་གནས་རིན་ཐང་ལ་ཞིབ་འཇུག་ཟབ་མོ་བྱེད་པ་དང་། ཤེས་རིག་བརྗེ་རེས་དང་དཔྱད་གཞིར་འཛིན་པར་སྐུལ་འདེད་བཏང་ནས། ཀྲུང་ཧྭའི་ཤེས་རིག་འཕེལ་རྒྱས་དང་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་ཐད་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།