ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཨུ་རུ་སིའི་ཙུང་ལི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཐཱ་ཧྲི་ཀན་ནས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཙུང་ལི་གྲོས་ཚོགས་ལ་ཞུགས་པར་ཡོང་བའི་ཨུ་རུ་སིའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་བསྟན་དོན། སྔོན་ཏག་ཏག་ལ་ང་ཚོས་ཧྲིན་པིས་ཏི་པོ་ནས་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ཙུང་ལིའི་དུས་བཅད་གྲོས་མོལ་ཐེངས་ཉེར་བཞི་བར་འགོ་མཛིན་མཛད་དེ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཐད་ནས་ཐུན་མོང་གི་ལྟ་བ་བྱུང་། ཀྲུང་གོ་དང་ཨུ་རུ་སི་ནི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོ་ཡིན་པ་དང་། གཉིས་ཀ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་ལ། ང་ཚོས་ཨུ་རུ་སིའི་བར་གྱི་རྒྱལ་སྤྱིའི་ས་ཁུལ་ལས་དོན་ཁྲོད་ཀྱི་འཐབ་ཇུས་མཉམ་ལས་ལ་ཤུགས་བསྣན་ནས། མཉམ་དུ་ས་ཁུལ་དང་འཛམ་གླིང་ཞི་བདེ་དང་གཏན་འཇགས། དར་རྒྱས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

མེ་ཏི་ཝེ་ཅེ་ཧྥུའུ་ཡིས་བསྟན་དོན། སྔོན་ཏག་ཏག་ལ་བསྡུས་པའི་ཨུ་རུ་སི་དང་ཀྲུང་གོའི་ཙུང་ལིའི་གྲོས་མོལ་ཐད་ནས་གྲུབ་འབྲས་བཟང་བོ་བླངས་པ་དང་། ཕྱོགས་གཉིས་ཀྱིས་ཉིས་སྟོང་ཉི་ཤུ་དང་ཉེར་གཅིག་ལོར་བསྡུ་རྒྱུ་ཡིན་པའི་ཨུ་རུ་སི་དང་ཀྲུང་གོའི་ཚན་རྩལ་གསར་གཏོད་ལོ་དེ་གོ་སྐབས་སུ་བརྩིས་ནས། ཨུ་རུ་སི་དང་ཀྲུང་གོའི་མཉམ་ལས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

ཞའོ་ཅེ་གོང་གི་བྱ་འགུལ་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།