ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཝུའུ་ཚི་པིའེ་ཁི་སི་ཐན་གྱི་ཙུང་ལི་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20191103101149UcPx.jpg

ས་དེའི་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཐཱ་ཧྲི་ཀན་ནས་ཝུའུ་ཚི་པིའེ་ཁི་སི་ཐན་གྱི་ཙུང་ལི་ཨ་ལེ་པོ་ཧྥུའུ་དང་གྲོས་མོལ་མཛད།

       ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཐཱ་ཧྲི་ཀན་ནས་ཝུའུ་ཚི་པིའེ་ཁི་སི་ཐན་གྱི་ཙུང་ལི་ཨ་ལེ་པོ་ཧྥུའུ་དང་གྲོས་མོལ་མཛད།

    ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཝུའུ་ཁི་པིའེ་ཁི་སི་ཐན་གཉིས་ནི་ཁྱིམ་མཚེས་བཟང་བོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་གྲོས་མོལ་ཐེངས་མང་མཛད་དེ། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་འཆར་འགོད་བཟང་བོ་བྱས། རྒྱལ་སྤྱིའི་ཉོ་ཚོང་དངུལ་གཏོང་གི་གནས་བབ་མི་ལེགས་པའི་གནས་ཚུལ་འོག རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་ཐད་ནས་འཕར་སྣོན་བྱུང་བར་ཧ་ཅང་དགའ་སྤྲོ་སྐྱེས་ཡོད། ཀྲུང་གོས་ཝུའུ་ཚི་པིའེ་ཁི་སི་ཐན་གྱིས་རང་རྒྱལ་གྱི་གནས་ཚུལ་དངོས་ལ་གཞིགས་ནས་འཕེལ་རྒྱས་ཀྱི་བགྲོད་ལམ་བདམས་པ་དང་བཅོས་བསྒྱུར་སྒོ་འབྱེད་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། ཝུའུ་ཚི་པིའེ་ཁི་སི་ཐན་བར་འཕེལ་རྒྱས་ཀྱི་ཉམས་མྱོང་བརྗེ་རེས་བྱས་ཏེ། ཀྲུང་གོ་དང་ཝུའི་ཚི་པིའེ་ཁི་སི་ཐན་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་གོ་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད་ཟེར།

    ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཝུའུ་ཚི་པིའེ་ཁི་སི་ཐན་གཉིས་ཀྱིས་གོ་སྐབས་དམ་འཛིན་བྱེད་པ་དང་། ཕྱོགས་གཉིས་སྒོ་འབྱེད་རྒྱ་སྐྱེད་དེ། དངོས་གཉེར་མཉམ་ལས་ཀྱི་རྣམ་པ་གསར་བ་གྲུབ་པར་བྱེད་དགོས། ཀྲུང་གོས་ཚོང་ར་ཅན་དང་ཚོང་ལས་ཅན་གྱི་རྩ་དོན་ལྟར། ཁྱབ་ཁོངས་སོ་སོའི་མཉམ་ལས་བརྟན་བརླིང་ངང་སྤེལ་འདོད་ཡོད། ཀྲུང་གོས་རང་རྒྱལ་གྱི་ཁེ་ལས་ཝུའུ་ཚི་པིའེ་ཁི་སི་ཐན་དུ་སོང་ནས་དངུལ་གཏོང་བར་སྐུལ་སློང་བྱེད་པ་དང་། ཀྲུང་གོའི་འཛད་སྤྱོད་པའི་དགོས་མཁོ་དང་འཚམ་པའི་ཝུའུ་ཚི་པིའེ་ཁི་སི་ཐན་གྱི་ཁྱད་ལྡན་སྤུས་ལེགས་ཞིང་ལས་ཐོན་རྫས་སྔར་ལས་མང་པོ་ནང་འདྲེན་བྱེད་འདོད་ཡོད། ང་ཚོས་ཕྱོགས་གཉིས་ཉོ་ཚོང་གྲངས་ཚད་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

    ཨ་ལེ་པོ་ཧྥུའུ་ཡིས་བསྟན་དོན། ཝུའུ་ཚི་པིའེ་ཁི་སི་ཐན་གྱིས་ཀྲུང་གོ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གོ་ནི་ཝུའུ་ཚི་པིའེ་ཁི་སི་ཐན་གྱི་ཆེས་ཆེ་བའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གྲོགས་པོ་ཡིན་ལ། ཝུའུ་ཚི་པིའེ་ཁི་སི་ཐན་གྱིས་མུ་མཐུད་དུ་ཕྱོགས་གཉིས་ཀྱི་ཉོ་ཚོང་གཞི་ཁྱོན་རྒྱ་སྐྱེད་འདོད་ཡོད་པ་དང་། ཀྲུང་གོའི་ཁེ་ལས་ཝུའུ་ཚི་པིའེ་ཁི་སི་ཐན་དུ་སོང་ནས་དངུལ་གཏོང་བར་དགའ་བསུ་ཞུ་བཞིན་ཡོད་ཟེར།

གྲོས་མོལ་རྗེས་སུ། ལིས་ཁི་ཆང་དང་ཨ་ལེ་པོ་ཧྥུའུ་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་ཝུའུ་ཚི་པིའེ་ཁི་སི་ཐན་གྱི་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། ཚན་རྩལ། གྲུ་ཁ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆ་འགོད་པར་བདེན་དཔང་བྱས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།