ཀྲུང་གོ་བོད་ཀྱི་དྲ་བ།

མཛེས་སྡུག་ལྡན་པའི་མཚོ་སྔོན་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་མཚོ་སྔོན་གྱི་མི་རིགས་རང་སྐྱོང་ས་གནས་ཀྱི་འཕེལ་རྒྱས་འགྲེམས་སྟོན་འགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ། : རིན་ཆེན།བདེ་སྒྲོལ།རིག་གྲོལ།   སྤེལ་དུས། : 2019-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་ཟླ་11པའི་ཚེས་1ཉིན་གྱི་སྔ་དྲོར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་གཙོ་གཉེར་གནང་བའི་“མཛེས་པའི་ཀྲུང་གོ་དང་ཞི་མཐུན་ཁྱིམ་གཞིས་ཞེས་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རིག་གནས་ཀྱི་མུ་འབྲེལ་འགྲེམས་སྟོན”ལས“མཛེས་སྡུག་ལྡན་པའི་མཚོ་སྔོན་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་མཚོ་སྔོན་གྱི་མི་རིགས་རང་སྐྱོང་ས་གནས་ཀྱི་འཕེལ་རྒྱས་འགྲེམས་སྟོན”དེ་མི་རིགས་རིག་གནས་ཕོ་བྲང་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་རེན་པ་ཐུར་དང་ཚོགས་ཞུགས་སྐུ་མགྲོན་གྱིས་མཉམ་དུ་འགྲེམས་སྟོན་ལ་གཟིགས་སྐོར་གནང་ཞིང་། མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་འགྲེམས་སྟེགས་མདུན་དུ་ཁོང་གིས་འགྲེམས་སྟོན་ལ་ཞིབ་གཟིགས་གནང་སྟེ། འགྲེམས་སྟོན་གྱི་ནང་དོན་དང་གནས་ཚུལ་བཀའ་འདྲི་དང་ཤེས་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ཡུལ་དངོས་སུ་ལས་དོན་མི་སྣ་དང་བྱམས་བརྩེའི་ངང་དགོངས་ཕྱོགས་བརྗེ་རེས་ཀྱང་གནང་བ་རེད། པ་ཐུར་གྱིས་འགྲེམས་སྟོན་དུ་མངོན་པའི་མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་ལོ་རྒྱུས་ཀྱི་ནང་དོན་དང་སྣ་མང་རིག་གནས་ཀྱི་རྣམ་པ། དེ་བཞིན་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མཚོ་སྔོན་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་གི་དར་རྒྱས་གོང་འཕེལ་ཐད་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་གདེང་འཇོག་ཚད་མེད་གནང་བ་རེད།

སྔ་དྲོའི་ཆུ་ཚོད་བཅུ་པར“མཛེས་སྡུག་ལྡན་པའི་མཚོ་སྔོན”གྱི་འགྲེམས་སྟོན་འགོ་ཚུགས་མཛད་སྒོ་མི་རིགས་རིག་གནས་ཕོ་བྲང་ཐང་ཆེན་དུ་འཚོགས་ཤིང་། མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིའུ་ཉིང་འགོ་ཚུགས་མཛད་སྒོར་ཞུགས་པ་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀའོ་ཝེ་ཕིང་། མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་གསུངས་པ་རེད།

ཀའོ་ཝེ་ཕིང་གིས་ཤིས་ཚིག་གསུང་སྐབས“མཛེས་པའི་ཀྲུང་གོ་དང་ཞི་མཐུན་གྱི་ཁྱིམ་གཞིས”ཞེས་པའི་རིམ་སྤེལ་བྱེད་སྒོ་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་སྤུས་རྟགས་འགྲེམས་སྟོན་བྱེད་སྒོ་གལ་ཆེན་ཞིག་ཡིན་ལ། དེ་ནི་པར་རིས་མཉམ་འདྲེས་དང་བརྙན་གཟུགས་སོགས་འགྲེམས་སྟོན་གྱི་རྣམ་པ་བརྒྱུད་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ།མི་རིགས་འབྲེལ་བ། ཀྲུང་ཧྭ་མི་རིགས་ཀྱི་རྣམ་པ་བཅས་ཀྱི་ཐད་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་ཐོན་པ་གསོན་ཉམས་ལྡན་པའི་ངང་མངོན་ཡོད་ལ། ཏང་གི་མི་རིགས་སྲིད་ཇུས་ལས་ཐོབ་པའི་ལག་ལེན་དངོས།“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཐུན་མོང་སེམས་ཀྱིས་ཀྲུང་གོའི་ཕུགས་འདུན་གཏོད་པའི”དུས་རབས་ཀྱི་ཉམས་འགྱུར་མངོན་པར་བྱས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70སོང་བའི་རིང་།ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་ཏེ་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་འགྲོ་བའི་མཆོངས་བསྐྱོད་རླབས་ཆེན་བསུས་ཡོད་ཅིང་། ད་ཐེངས་ཀྱི“མཛེས་སྡུག་ལྡན་པའི་མཚོ་སྔོན”གྱི་འགྲེམས་སྟོན་གྱིས་ཀྱང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་རིང་། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་ཐོབ་པའི་གྲུབ་འབྲས་འབོར་ཆེན་ཕྱོགས་ཡོངས་ནས་མངོན་ཡོད་པར་མ་ཟད། མི་རིགས་མང་པོ་འདུས་སྡོད་བྱས་པའི་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་བླ་མེད་གྲུབ་འབྲས་ཀྱང་མངོན་ཡོད་ཅེས་བསྟན་བྱུང་།

ཀའོ་ཝེ་ཕིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་མུ་ནས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། དུས་རབས་གསར་པའི་མི་རིགས་ལས་དོན་གྱི་རྣམ་པ་གསར་པ་ཐུན་མོང་ཐོག་སྐུལ་འདེད་དང་གསར་གཏོད་བྱེད་དགོས་ཞེས་ནན་གྱིས་བསྟན།

མགོན་པོ་བཀྲ་ཤིས་ཀྱིས་ཤིས་ཚིག་གསུང་སྐབས།ལོ་ངོ་70ཡི་རིང་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་འོག མཚོ་སྔོན་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྒོས་སྣེ་ཁྲིད་བྱས་ཏེ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དང་ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པས། བྱ་གཞག་ཁག་ལ་སྔར་བྱུང་མ་མྱོང་བའི་གྲུབ་འབྲས་ཐོབ་ཡོད་ཅེས་ངོ་སྤྲོད་གནང་ཞིང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། དུས་རབས་གསར་པར་ས་མཐོའི་མཚོ་སྔོན་དེ་བས་ཀྱང་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་བྱེད་པའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་མཚོ་སྔོན་གྱི་ལེའུ་འབྲི་དགོས་ཞེས་བསྟན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་དེ་ཟླ་11པའི་ཚེས1ནས་ཚེས་9ཉིན་བར་འགྲེམས་སྟོན་གནང་རྒྱུ་རེད།  

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།