ཀྲུང་གོའི་བཅོས་སྐྱོང་གནས་ཚད་གསར་པར་བསྐྱོད་པའི་ལམ་ཚད་རྡོ་རིང་།

            

ཀྲུང་གོ་བོད་ཀྱི་དྲ་བའི་གློག་འཕྲིན་ལྟར་ན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་གནད་དོན་འགའ་ཞིག་སྐོར་གྱི་གཏན་འབེབས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད་པ་རེད། ཚོགས་ཞུགས་འཐུས་མི་རྣམས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ནི་དེང་རབས་ཀྲུང་གོའི་གོང་འཕེལ་ཡར་རྒྱས་ཀྱི་གཞི་རྩའི་འགན་སྲུང་ཡིན་པ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་བ་དེས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འཐབ་ཇུས་ཀྱི་གཟིགས་རྒྱང་རིང་པོ་དང་ལོ་རྒྱུས་ཀྱི་འགན་སེམས་ཆེན་པོ་མངོན་ཡོད་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཟིན་བྱ་རྒྱུ་དང་། ཏང་གི་སྲིད་འཛིན་གནས་བབ་བརྟན་དུ་གཏོང་རྒྱུ། ཏང་དང་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འཁོད་འགན་སྲུང་བཅས་ཀྱི་ཐད་གཏིང་ཟབ་པའི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་ཡོད་པ་རེད།

ཚོགས་ཞུགས་འཐུས་མི་རྣམས་ནས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་སོང་རིང་། རང་རེའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་ནས་འཛམ་གླིང་ཐོག་མཐོང་དཀོན་པའི་དཔལ་འབྱོར་མགྱོགས་མྱུར་གོང་འཕེལ་གྱི་ངོ་མཚར་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་བཏོད་ཡོད། ལག་ལེན་དངོས་ལས་ར་སྤྲོད་ཐུབ་པར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་ལ་གསོན་ཤུགས་ དང་ཁྱད་འཕགས་རང་བཞིན་ཆེན་པོ་ལྡན་ཡོད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི་གཏན་འབེབས་ནི་རང་རྒྱལ་གྱི་རྒྱལ་ཁབ་ལམ་ལུགས་དང་བཅོས་སྐྱོང་མ་ལག་འཐུས་ཚང་དང་འཕེལ་རྒྱས་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་ཞེས་གསུངས་པ་རེད།

འཐུས་མི་རྣམས་ནས། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་གནད་དོན་ལ་གཞིགས་ནས། ཏང་དང་རྒྱལ་ཁབ་ཀྱི་ལམ་ལུགས་འཛུགས་སྐྱོང་བྱེད་པའི་སྤྱིའི་དམིགས་འབེན་དང་འཐབ་ཇུས་གཙོ་གནད། ལས་ཀའི་ལམ་སྲོལ། སྐུལ་འདེད་བྱེད་ཐབས་བཅས་ཁ་གསལ་བཏོན་ཡོད་པ་དང་། དེས་རྒྱལ་ཁབ་བཅོས་སྐྱོང་བྱ་རྒྱུ་དེ་ཟམ་མི་ཆད་པར་ཆུ་ཚད་དེ་བས་མཐོ་བར་སྐུལ་འདེད་དང་། མི་དམངས་མང་ཚོགས་ལ་ཐོབ་ཚོར་དེ་བས་མང་བ་ཡོང་ཐུབ་པའི་ངོས་འཛིན་གནང་ཡོད་པ་རེད།

འཐུས་མི་རྣམས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་ཏང་ཡོངས་ཀྱི་འཐབ་ཇུས་ལས་འགན་གལ་ཆེན་ཞིག་ཡིན་པས། རིམ་ཁག་ཏང་ཨུད་སྲིད་གཞུང་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ལམ་ལུགས་ཀྱི་འདུ་ཤེས་ཆེ་རུ་ཏན་ཏིག་གཏོང་བ་དང་། སྣེ་ཁྲིད་ནས་ལམ་ལུགས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བྱས་ཏེ། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱུང་བའི་དམིགས་འབེན་དང་ལས་འགན་ཁྱོན་ཡོངས་ནས་དོན་ཐོག་ལ་འཁྱོལ་རྒྱུ་འགན་སྲུང་བྱེད་དགོས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་བ་བྱ་ཆེད་འགན་ལེན་ནུས་ལྡན་བྱེད་དགོས་པའི་ངོས་འཛིན་གནང་ཡོད་པ་རེད།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།