ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་ཚན་རིག་གླིང་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།     སྤེལ་དུས། : 2019-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར་ན། ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན། ཀྲུང་གོ་ཚན་རིག་གླིང་གིས་ཚན་རིག་གླིང་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་བསྡུས། ཚོགས་ཐོག་ནས་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་དང་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་སྒྲོག་འདོན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཧི་ཡིས་ཚོགས་ཐོག་ནས་གཏམ་བཤད། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གིས་ཀྲུང་གོ་ཚན་རིག་གླིང་བཙུགས་པའི་ལོ་ངོ་བདུན་ཅུའི་ནང་བླངས་པའི་གྲུབ་འབྲས་ཆེན་པོར་ཁས་ལེན་གང་ལེགས་བྱས་པ་དང་། ཀྲུང་གོ་ཚན་རིག་གླིང་གི་མ་འོངས་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་བོ་བསྟན། ལོ་ངོ་བདུན་ཅུའི་རིང་ལ། ཀྲུང་གོ་ཚན་རིག་གླིང་གི་རྒྱ་ཆེའི་ཚན་རིག་ཞིབ་འཇུག་མི་སྣས་དཀའ་ངལ་ཁྱད་སེལ་བྱས་པ་དང་འབད་འཐབ་ལྷོད་མེད་བྱས་པས། འཛམ་གླིང་གི་ཡིད་སྨོན་བྱེད་ཆོག་པའི་ཚན་རྩལ་གྲུབ་འབྲས་མང་པོ་བླངས་པ་དང་། མི་སེམས་འགུལ་བའི་སྔོན་ཐོན་ལག་རྗེས་མང་པོ་བཞག ཀྲུང་གོ་ཚན་རིག་གླིང་གིས་མ་འོངས་འཕེལ་རྒྱས་ཁྲོད་མུ་མཐུད་དུ་འབད་བརྩོན་བྱེད་པ་དང་། རྨང་གཞིའི་ཞིབ་འཇུག་ཁྲོད་རྐང་འཛིན་ནུས་པ་འདོན་སྤེལ་བྱེད་པ། གནད་འགག་སྲོག་ཤིང་ལག་རྩལ་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ། ཚན་རྩལ་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ཆུ་ཚད་མཐོ་བའི་ཚན་རྩལ་འཇོན་མི་སྐྱེད་སྲིང་བྱེད་པའི་ཕྱོགས་ནས་མཐོ་གནས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ཚན་རིག་པའི་སྙིང་སྟོབས་དར་སྤེལ་བྱེད་པའི་ཐད་ནས་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་པ་བཅས་བྱེད་དགོས་ཟེར།

ཚོགས་ཐོག་ནས། ཀྲུང་གོ་ཚན་རིག་གླིང་གི་འགན་ཁུར་མི་སྣ་དང་ཡོན་ཧྲི། ཆེད་མཁས་པ། ན་གཞོན་ཚན་རིག་ཞིབ་འཇུག་རྐང་འཛིན་པ། སློབ་མའི་འཐུས་ཚབ་པ་བཅས་ཀྱིས་གཏམ་བཤད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།