ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས2019ལོའི་ཀྲུང་གོར་རྒྱུས་ལོན་བྱེད་པའི་རྒྱལ་སྤྱིའི་གྲོས་ཚོགས་ལ་ཞུགས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : ཤིན་ཧྭ་དྲ་བ།     སྤེལ་དུས། : 2019-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར་ན། ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང2019ལོའི་ཀྲུང་གོར་རྒྱུས་ལོན་བྱེད་པའི་རྒྱལ་སྤྱིའི་གྲོས་ཚོགས་ལ་ཞུགས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་ལ་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་པར་བསྐྱོན།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང2019ལོའི་ཀྲུང་གོར་རྒྱུས་ལོན་བྱེད་པའི་རྒྱལ་སྤྱིའི་གྲོས་ཚོགས་ལ་ཞུགས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་གྱི་འཐུས་ཚབ་མི་སྣར་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་པར་བསྐྱོན། ཞི་ཅིན་ཕིང་གིས་ཁོ་ཚོས་ཀྲུང་གོའི་བར་གྱི་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཀྲུང་གོར་རྒྱུས་ལོན་གཏིང་ཟབ་བྱས་ཏེ། ཀྲུང་གོ་དང་ཕྱི་རྒྱལ་གཉིས་ཀྱི་རྒྱུས་ལོན་དང་ངོས་འཛིན་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་བཏོན།

ཀྲུང་གོར་རྒྱུས་ལོན་བྱེད་པའི་རྒྱལ་སྤྱིའི་གྲོས་ཚོགས་དེ་རྒྱལ་ཁབ་གསར་གཏོད་དང་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག་ཚོགས་པ་དང་ཀྲུང་གོ་མི་དམངས་ཕྱི་འབྲེལ་སློབ་ཚོགས། དུས་རབས་ཉེར་གཅིག་པའི་ལས་འཛིན་ལྷན་ཚོགས་བཅས་ཀྱིས་མཉམ་དུ་བསྡུས་པ་ཡིན་ལ། སྐབས་གསུམ་ལ་བསྡུས། ད་ལོའི་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་སྐོར་ཐེངས་དང་པོའི་དཔལ་འབྱོར་འཛམ་གླིང་ཅན་དང་ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་ཡང་བསྐྱར་འགོ་རྩོམ་རྒྱུ་དེ་ཡིན། འཛམ་གླིང་གི་མིང་དུ་གྲགས་པའི་ཆབ་སྲིད་པ་དང་འཐབ་ཇུས་པ། རིག་གནས་པ། ཁེ་ལས་པ་བཅས་སུམ་ཅུ་ལྷག་གྲོས་ཚོགས་ལ་ཞུགས།

དབྱང་ཅེ་ཁྲི་དང་ཝང་དབྱི་སོགས་གོང་གི་བྱ་འགུལ་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།