ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བས་ཨེ་ཤ་ཡ་དང་འཛམ་གླིང་འཕེལ་རྒྱས་ཐད་ལ་ཐུན་མོང་གི་རེ་འདུན་གསར་སྐྲུན་བྱེད་དགོས་ཞེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་སིང་ག་ཕོར་ནས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན་གཉིས་ཡིན་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བས་ཨེ་ཤ་ཡ་དང་འཛམ་གླིང་འཕེལ་རྒྱས་ཐད་ལ་ཐུན་མོང་གི་རེ་འདུན་གསར་སྐྲུན་བྱེད་དགོས་ཞེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཟླ་བཅུ་བའི་ཚེས་སུམ་ཅུ་ཉིན་སིང་ག་ཕོར་ནས་བསྡུས། ཀྲུང་གོ་དང་ཨ་མེ་རི་ཁ། ཡོ་རོབ་གླིང་མནའ་འབྲེལ། ཡེ་ཤ་ཡ་ཤར་ལྷོ་སོགས་རྒྱལ་ཁབ་དང་ས་གནས་ཀྱི་སྲིད་གཞུང་ལས་རིགས་དང་ཚོང་གཉེར་ལས་རིགས། རིག་གཞུང་ལས་རིགས་ནས་ཡོང་བའི་མི་སྣ་བརྒྱ་ཙམ་གྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་འཕེལ་ཕྱོགས་དང་དེས་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་ཚུལ་སོགས་གྲོས་གཞིའི་ཐད་ནས་གྲོས་བསྡུར་བྱས། ཚོགས་ཞུགས་མགྲོན་པོ་རྣམས་ཀྱིས་གཅིག་གྱུར་སྒོས་བལྟས་ན། མཉམ་ལས་ཤུགས་སྣོན་པ་དང་བརྟན་འཇགས་ཡིན་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དེ་ཀྲུང་གོ་དང་ཨ་མེ་རི་ཁའི་ཁེ་ཕན་དང་མཐུན་པའི་གདམ་གསེས་ཁོ་ན་ཡིན་པར་མ་ཟད་འཛམ་གླིང་ཡོངས་ཀྱི་ཐུན་མོང་གི་རེ་སྒུག་ཡིན་པར་སྙམ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།