ཞི་ཅིན་ཕིང་གིས་གདན་དྲངས་པ་ལྟར་ཧྥ་རན་སིའི་ཙུང་ཐུང་སོགས་ཕྱི་རྒྱལ་གྱི་འགོ་ཁྲིད་པ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པར་ཞུགས་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་ནས་ཚེས་བཅུ་ཉིན་བར། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པ་ཧྲང་ཧེ་ནས་འཚོགས་རྒྱུ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་དྲངས་པ་ལྟར། ཧྥ་རན་སིའི་ཙུང་ཐུང་མ་ཁི་ལུང་དང་ཞི་ལའི་ཙུང་ལི་མུས་ཙོ་ཐ་ཅི་སི། ཅ་མེ་ཁའི་ཙུང་ལི་ཧོ་ཨར་ཉི་སི། སེར་ཝེ་ཡའི་ཙུང་ལི་པུའུ་ཨར་ན་པུས་ཆི་བཅས་དངོས་མང་འགྲེམ་སྟོན་ཚོགས་འདུ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་འབྲེལ་ཡོད་བྱ་འགུལ་ལ་ཞུགས་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།