ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་སོགས་ཕྱི་རྒྱལ་གྱི་མགོ་ཁྲིད་པ་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཞུགས་རྒྱུ་ཡིན་པ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-10-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཤིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་འབྱོར་གསལ། ཚེས་30ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཁྱབ་བསྒྲགས་བྱས་དོན། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་ཟླ་11ཚེས་5ནས་10ཉིན་བར་ཧྲང་ཧའེ་རུ་འཚོག་རྒྱུ་ཡིན་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་། ཀེ་རི་སེའི་ཙུང་ལི་སྨི་ཙུའོ་ཐ་ཅི་སི། ཅ་མའེ་ཁའི་ཙུང་ལི་ཧོར་ཉི་སི། ཙུང་ལི་པུར་ན་པི་ཆི་བཅས་དངོས་མང་སྟོན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དང་དེ་བཞིན་འབྲེལ་ཡོད་བྱེད་སྒོར་ཞུགས་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།