སྡེ་ཚན11གིས་མཉམ་དུ་ཡིག་ཆ་བཀྲམ་སྟེ་ལོ3ནས5ཡི་རིང་གྲོང་གསེབ་ཀྱི་གོམས་སྲོལ་ངན་པར་བཀག་འགོག་ནུས་ལྡན་བྱ་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་ཞིང་ལས་དང་གྲོང་གསེབ་པུའུ་སོགས་སྡེ་ཚན11གིས《གོམས་སྲོལ་ལེགས་སུ་གཏོང་བར་སྔར་བས་སྐུལ་འདེད་གཏོང་བ་དང་ཡ་རབས་ཀྱི་ཡུལ་སྲོལ་གཏོད་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》མཉམ་དུ་བཀྲམ་པ་རེད། ཚེས29ཉིན་རྒྱལ་ཁབ་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་གཞོན་པ་ཧན་ཅུན་དང་ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་མཛུབ་ཁྲིད་ཨུ་ལྷན་གཞུང་དོན་ཁང་ཅུས་དང་པོའི་ཅུས་ཀྲང་ཀྲང་ཀྲེ་ཡུང་གིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་རེད།

གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བར་ངེས་པར་དུ་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཀར་དམ་འཛིན་མཐའ་འཁྱོངས་བྱས་ཏེ། གྲོང་གསེབ་སྤྱི་ཚོགས་ཀྱི་ཤེས་དཔལ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཧན་ཅུན་གྱིས་ལོ3ནས5ཡི་འབད་བརྩོན་བརྒྱུད། ཡ་རབས་ཀྱི་ཡུལ་སྲོལ་དོ་དམ་སྒྲིག་སྲོལ་དང་ལས་ཀའི་ལམ་ལུགས་གཞི་རྩའི་ཆ་ནས་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་གསེབ་ཀྱི་གོམས་སྲོལ་ངན་པར་བཀག་འགོག་ནུས་ལྡན་དང་། གཉེན་སྒྲིག་སྲོལ་གསར་ལྟར་བྱེད་པ་དང་། འདས་མཆོད་སྟབས་བདེ་གཉེར་བ། སྤུན་ཉེ་དང་རྒན་རྒོན་ལ་བསྙེན་བཀུར་ཞབས་ཏོག་སྒྲུབ་པ་སོགས་ཀྱི་སྤྱི་ཚོགས་ཀྱི་དར་སྲོལ་རྣམ་པ་དེ་བས་ཟབ་མོ་ཡོང་བར་བྱས་ཏེ། ངོ་སོའི་རྐྱེན་གྱིས་འགྲོ་སོང་གཏོང་བའི་ཞིང་པའི་ཁུར་པོ་མངོན་གསལ་དོད་པོས་ཡང་དུ་གཏོང་བ་དང་། གྲོང་གསེབ་སྤྱི་ཚོགས་ཀྱི་ཤེས་དཔལ་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་ཞིང་པ་མང་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཐོབ་ཚོར་ཡོང་བར་བྱེད་དགོས་ཞེས་ངོ་སྤྲོད་གནང་བ་རེད།

ལམ་ལུགས་ཀྱི་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་གོམས་སྲོལ་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་ཡ་རབས་ཀྱི་ཡུལ་སྲོལ་གཏོད་དགོས། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དག་བཅོས་བྱེད་སྐབས། ཡ་རབས་ཀྱི་ཡུལ་སྲོལ་གཏོད་པའི་འབྲེལ་ཡོད་ནང་དོན་བསྣན་ཏེ་ཕ་མར་སྲི་ཞུ་མི་སྒྲུབ་པ་དང་ཕ་མར་མནར་གཅོད་གཏོང་བ་སོགས་ཀྱི་བྱེད་སྤྱོད་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་དགོས།

མང་ཚོགས་ལ་བརྟེན་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་ངོས་དོ་དམ་དང་། རང་ངོས་འཆུན་འདོམས། རང་ངོས་མཐོར་གཏོང་བཅས་བྱེད་དགོས། ཞིང་པ་མང་ཚོགས་ནི་ཡ་རབས་ཀྱི་ཡུལ་སྲོལ་གཏོད་མཁན་གཙོ་བོ་ཡིན་པས། ཞིང་པ་མང་ཚོགས་ཀྱི་བདག་པོའི་འདུ་ཤེས་ཟབ་ཏུ་བཏང་ནས་མང་ཚོགས་ཀྱི་རང་སྐྱོང་འཇོན་ཐང་གལ་ཆེན་ནུས་ལྡན་བཏོན་ཏེ་མང་ཚོགས་སྲོལ་གསར་གཏོད་མཁན་དང་། ལག་ལེན་བསྟར་མཁན། དཔྱད་འདེམས་བྱེད་མཁན། ཕན་པ་ཐོབ་མཁན་བཅས་ལ་དངོས་འབྲེལ་འགྱུར་བར་བྱེད་དགོས།

མང་ཚོགས་ཀྱི་རང་འགུལ་རང་བཞིན་འཕེལ་བར་ལས་དོན་སྒྲུབ་སྟངས་གསར་གཏོད་བྱེད་དགོས། ཀྲང་ཀྲེ་ཡུང་གིས་ས་ཁུལ་ཁག་གཅིག་གི“གྲོང་གསེབ་ཀྱི་ཀུན་སྤྱོད་དངུལ་ཁང”དང“ཡ་རབས་ཀྱི་སྐར་མ་གསོག་པ”སོགས་བྱ་དགའ་སྤྲོད་པའི་བྱེད་སྟངས་ལ་སྔར་བས་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་དགོས། གཞོན་ནུའི་གཉེན་སྒྲིག་ལ་ཞབས་འདེགས་ཞུ་སྟངས་གསར་གཏོད་བྱས་ཏེ་གུང་གཞོན་སྡེ་ཚོགས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཚོགས་པ་དང་རྩ་འཛུགས་ཀྱི་ནུས་པ་ཡག་པོ་འདོན་དགོས། གྲོང་གསེབ་ཀྱི་རོགས་རེས་རྣམ་པའི་རྒན་གསོ་ཁྱབ་གདལ་གཏོང་བ་དང་འབྲེལ་ཡོད་ཀྱི་སྤྱི་ཕན་རྩ་འཛུགས་ནང་འདྲེན་ཧུར་ཐག་བྱས་ཏེ་ཞབས་འདེགས་ཞུ་སྟངས་དང་ནང་དོན་སོགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་ངོ་སྤྲོད་གནང་བ་རེད།

“རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཡ་རབས་ཀྱི་ཡུལ་སྲོལ་གཏོད་པར་སྐུལ་འདེད་གཏོང་བ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། སྲིད་གཞུང་གིས་འགན་འཁུར་བ། སྡེ་ཚན་ཁག་གིས་ལས་བགོས་དང་དོན་འཁྱོལ་བྱེད་པའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་སྲོལ་སྲིད་སྲོལ་གྱིས་གྲོང་གསེབ་ཀྱི་སྲོལ་གསར་ལ་སྣེ་ཁྲིད་དང་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ་གྲོང་གསེབ་ཀྱི་ཏང་ཡོན་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ནུས་པ་གང་ལེགས་འདོན་དགོས”ཞེས་ཧན་ཅུན་གྱིས་ངོ་སྤྲོད་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།