རྒྱལ་ནང་གི་འདུག་སྟེགས་བཞི་ཅན་གྱི་གློག་སྒུལ་གནམ་གྲུའི་འཕུར་ཐེངས་དང་པོ་ལེགས་གྲུབ་བྱུང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་དེའི་སྔ་དྲོར། ལྡིར་སྒྲ་གྲགས་པ་དང་བསྟུན་ནས་རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་འདུག་སྟེགས་བཞི་ཅན་གྱི་གློག་སྒུལ་གནམ་གྲུRX4Eརྟགས་ཅན་གྱི་གནམ་གྲུ་ཐོག་མ་ཆར་རླུང་འདྲེས་མའི་ཁྲོད་ལེའོ་ཉིང་ཧྲེན་དབྱང་ཚེ་ཧུའུ་གནམ་ཐང་དུ་ཐེངས་དང་པོར་འཕུར་སྐྱོད་ལེགས་འགྲུབ་བྱུང་།

འདུག་སྟེགས་བཞི་ཅན་གྱི་གློག་སྒུལ་གནམ་གྲུRX4Eགནམ་གྲུ་ནི་ལེའོ་ཉིང་དམངས་སྤྱོད་མཁའ་འགྲུལ་ཞིབ་འཇུག་ཁང་གིས་གསར་དུ་ཞིབ་བཟོ་བྱས་པའི་ནུས་རྒྱུ་གསར་པའི་དམངས་སྤྱོད་མཁའ་འགྲུལ་ཐོན་རྫས་ཤིག་ཡིན་པ་དང་། གནམ་གྲུའི་གཤོག་པའི་རིང་ཚད་སྨི་13.5དང་གནམ་གྲུའི་རིང་ཚད་སྨི་8.4ཟིན་ལ། འཕུར་སྐྱོད་ལྗིད་ཚད་སྤྱི་རྒྱ་1200དང་འཕུར་ཡུན་དུས་ཚོད་1.5ལ་སླེབས་ཤིང་། མཁའ་འགྲུལ་ལམ་ཐག་སྤྱི་ལེ་300ཟིན་པ་བཅས་རེད། རྗེས་མཐུད་ཀྱི་གློག་རྫས་གསོག་ནུས་ལག་རྩལ་འཕེལ་རྒྱས་སུ་འགྲོ་བ་དང་བསྟུན་ནས་མཁའ་འགྲུལ་ལམ་ཐག་སྔར་བས་ཇེ་རིང་དུ་འགྲོ་སྲིད།

ཟླ་10ཚེས་28ཉིན་ལག་རྩལ་མི་སྣས་RX4Eགནམ་གྲུ་མ་འཕུར་གོང་གྲ་སྒྲིག་བྱ་བཞིན་པ།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།