བློ་མཐུན་ཞི་ཅིན་ཕིང་གི་ཏང་གིས་བྱ་གཞག་ཡོད་ཚད་ལ་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པའི་སྐོར་གླེང་བ་ཞེས་པའི་དེབ་དངོས་སུ་པར་བསྐྲུན་འགྲེམ་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་བློ་མཐུན་ཞི་ཅིན་ཕིང་གི་ཏང་གིས་བྱ་གཞག་ཡོད་ཚད་ལ་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པའི་སྐོར་གླེང་བ་ཞེས་པའི་དེབ་དེ་ཀྲུང་དབྱང་ཡིག་ཚགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ནས་རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་འགྲེམ་སྤེལ་བྱས།

ཆེད་དོན་རྩོམ་ཡིག་ཕྱོགས་བསྒྲིགས་དེའི་ནང་དུ། ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན། བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་དང་པོར་འགོ་འཛིན་གནང་སྐབས་ཀྱི་གསུང་བཤད་དེ་དེབ་ཀྱི་དབུ་རྩོམ་ལེ་ཚན་དུ་བྱས་པ་དང་། ཉིས་སྟོང་བཅུ་དགུ་ལོའི་ཟླ་བདུན་པའི་ཚེས་དགུ་ཉིན། བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་དེ་མཇུག་བསྡུ་བའི་ལེ་ཚན་དུ་བྱས་ཡོད་ཅིང་། ཆེད་དེབ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་ཏང་གིས་བྱ་གཞག་ཡོད་ཚད་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པའི་སྐོར་གླེང་བའི་རྩོམ་ཡིག་གལ་ཆེན་བདུན་ཅུས་གྲུབ་ཡོད་ཅིང་། ཡིག་འབྲུ་འབུམ་གཅིག་ཁྲི་བཞི་ཙམ་ཡོད་པར་མ་ཟད། ད་དུང་ཆེད་དེབ་འདིའི་ཁྲོད་ཀྱི་རྩོམ་ཡིག་ཁག་གཅིག་ནི་ཐོག་དང་པོར་ཁྲོམ་བསྒྲགས་ཀྱི་རྣམ་པས་སྤེལ་བ་རྐྱང་རྐྱང་རེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།