ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་དང་ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་ཙུང་ལི་ཡིས་མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གྲོས་མཐུན་ལ་ནུས་པ་ཐོན་པའི་སྐོར་གྱི་མཉམ་འབྲེལ་གསལ་སྒྲོག་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་ཙུང་ལི་ཡིས་མཉམ་དུ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན་མིང་བཀོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གྲོས་མཐུན་ལ་ནུས་པ་ཐོན་པའི་སྐོར་གྱི་མཉམ་འབྲེལ་གསལ་སྒྲོག་སྤེལ་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གྲོས་མཐུན་ལ་དངོས་སུ་ནུས་པ་ཐོན་པ་ཁྱབ་སྒྲོག་བྱས།

མཉམ་འབྲེལ་གསལ་སྒྲོག་ལས་བསྟན་དོན། གྲོས་མཐུན་ལ་ནུས་པ་ཐོན་པ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་བར་སྟོང་འཛུགས་སྐྲུན་བྱེད་པ་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གྲོས་འགོ་བཏོན་པ་མངོན་འགྱུར་བྱེད་པ་དེ་ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་དང་འབྲེལ་མཐུད་བྱེད་པ་དང་། དེ་མིན་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གྲོས་བཏོན་པ་དང་ཡོ་རོབ་གླིང་དང་ཨེ་ཤད་ཡའི་གྲོགས་པོའི་འབྲེལ་བ་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་འགྲོ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་སུ་གཉིས་ཕན་མཉམ་ལས་དང་འཛུགས་སྐྲུན་རང་བཞིན་གྱི་གྲོས་མོལ་བྱེད་པར་རོགས་འདེགས་བྱེད་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།