ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་བ་པེ་ཅིན་ནས་གྲོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་བ་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་མཛིན་མཛད། ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད་དེ། གསང་ཨང་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བ་དང་། ཧོང་ཧྲུའུ་ཞན་གྱི་དམངས་སྲིད་པུའུ་ཡི་པུའུ་ཀྲང་གི་གོ་གནས་འཐེན་པ་དང་། ལིས་ཅི་ཧུན་དམངས་སྲིད་པུའུ་ཡི་པུའུ་ཀྲང་དུ་འདེམ་རྒྱུའི་ཐག་བཅད།

ཚོགས་ཐོག་ནས་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ལྟ་ཞིབ་བཅའ་ཁྲིམས་གཏན་འབེབས་བྱེད་པའི་ཆོད་དོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་ནས་གནས་སྐབས་སུ་འབྲེལ་ཡོད་བཅའ་ཁྲིམས་གཏན་ཁེལ་ལེགས་སྒྲིག་དང་བཀོལ་སྤྱོད་བྱེད་ཆོག་པའི་དབང་ཆ་སྟེར་བའི་སྐོར་གྱི་ཐག་གཅོད་སོགས་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། ཕྱི་དོན་ཨུ་ཡོན་ལྷན་ཁང་། སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་བཏོན་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཞིབ་བྱེད་པར་སྤྲད་པའི་འཐུས་མིའི་བཏོན་པའི་གྲོས་གཞི་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་ད་དུང་འབྲེལ་ཡོད་བསྐོ་འཐེན་གྲོས་གཞི་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།

གྲོས་ཚོགས་ཀྱི་འབྲེལ་ཡོད་བརྡས་གཅོད་བྱ་བ་ཡོངས་འགྲུབ་བྱས་རྗེས། ལིས་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་།

ལིས་ཀྲན་ཧྲུའུ་ཡིས་གསུང་རྒྱུར། ཚོགས་ཐོག་ནས་གྲོས་འཆམ་བྱུང་བའི་གསང་ཨང་བཅའ་ཁྲིམས་ནི། རང་རྒྱལ་གྱི་གསང་ཨང་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་རང་བཞིན་དང་རྨང་གཞི་རང་བཞིན་གྱི་བཅའ་ཁྲིམས་ཡིན་པས། ལག་བསྟར་ནན་མོ་བྱེད་པ་དང་། ཁྲིམས་ལྟར་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་ཐུན་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས། ཚོགས་ཐོག་ནས་ཁྲིམས་ལྟར་ཆོད་དོན་གསུམ་བཏོན་ནས། ལྟ་ཞིབ་བཅའ་ཁྲིམས་ཀྱི་དབང་ཚད་དང་རྒྱུད་རིམ། ཐོ་འགོད་ཞིབ་བཤེར་སོགས་ཀྱི་ནང་དོན་གཏན་འབེབས་གསལ་བོ་བྱས་ཏེ། རིམ་པ་སོ་སོའི་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་ཞིབ་བཅའ་ཁྲིམས་སྔར་ལས་ལག་བསྟར་བྱེད་པར་འགན་སྲུང་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་ནས་གནས་སྐབས་སུ་འབྲེལ་ཡོད་བཅའ་ཁྲིམས་གཏན་ཁེལ་ལེགས་སྒྲིག་དང་ལག་བསྟར་བྱེད་ཆོག་པའི་དབང་ཆ་བྱིན་ནས། བཅོས་བསྒྱུར་ཚོད་ལྟ་བདེ་བླག་ངང་ལག་བསྟར་བྱེད་པར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་འདོན་སྤྲོད་བྱེད་དགོས། ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱིས་ཧུན་ཆིན་གྲུ་ཁའི་ཨོ་མིན་གྲུ་ཁའི་ཁུལ་དང་འབྲེལ་ཡོད་རྒྱུན་བསྲིང་ཁུལ་ལ་དོ་དམ་བྱེད་པའི་དབང་ཆ་བྱིན་ནས། ཨོ་མིན་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་འདྲེས་པར་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་དང་། རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཡིན་པས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། དུས་རབས་གསར་བར་རྒྱལ་ཁབ་ལམ་ལུགས་དང་བཅའ་ཁྲིམས་ལམ་ལུགས་འཛུགས་སྐྲུན་བྱེད་པའི་ཁྲོད་དམངས་ཆེན་གྱི་འགན་འཁྲི་ཕྲག་ཏུ་ལེན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་བཅོས་བསྒྱུར་མཁྲེགས་གཏོར་ལས་འགན་ལ་རོགས་འདེགས་བྱས་ཏེ། བཅའ་ཁྲིམས་བཟང་བོར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བཅོས་སྐྱོང་བཟང་བོ་བྱེད་པར་འགན་སྲུང་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།