ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་ལུགས་གསོ་རིག་སྨན་རྫས་ལས་དོན་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ལུགས་གསོ་རིག་སྨན་རྫས་ལས་དོན་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་གསུང་རྒྱུར། ཀྲུང་ལུགས་གསོ་རིག་དང་སྨན་རྫས་རིག་པའི་ནང་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་གི་བདེ་ཐང་ལུས་ཟུངས་གསོ་བའི་འདུ་ཤེས་དང་དེའི་ལག་ལེན་གྱི་ཉམས་མྱོང་འདུས་ཡོད་པ་དང་། དེའི་ནང་དུ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་བློ་གྲོས་ཆེན་པོ་གཅིག་ཏུ་འདུས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ལ་རང་རྒྱལ་གྱི་ཀྲུང་ལུགས་གསོ་རིག་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་མི་དམངས་ཀྱི་བདེ་ཐང་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་གསུང་དོན། ཀྲུང་ལུགས་གསོ་རིག་སྨན་རྫས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་བྱས་ནས་ཉིང་བཅུད་རྒྱུན་འཛིན་དང་བདེན་སྲུང་གསར་གཏོད་བྱེད་པ། ཀྲུང་ལུགས་གསོ་རིག་སྨན་རྫས་དེང་རབས་ཅན་དང་ཐོན་ལས་ཅན་ལ་འཕེལ་བར་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཀྲུང་ལུགས་གསོ་རིག་སྨན་རྫས་དང་ཕྱི་ལུགས་གསོ་རིག་སྨན་རྫས་ཕན་ཚུན་ཁ་གསབ་དང་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་ལུགས་གསོ་རིག་སྨན་རྫས་བྱ་གཞག་དང་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བ། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ནད་འགོག་སྨན་བཅོས་ཀྱི་དམིགས་བསལ་ལེགས་ཆ་དང་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་བྱས་རྗེས་གང་ལེགས་འབུལ་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ལུགས་གསོ་རིག་སྨན་རྫས་ལས་དོན་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་གསུང་རྒྱུར།  ཀྲུང་ལུགས་གསོ་རིག་དང་སྨན་རྫས་རིག་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་གསར་གཏོད་ཅིག་ཡིན། བདེ་ཐང་ཀྲུང་གོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་ལུགས་གསོ་རིག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཚན་རྩལ་གསར་གཏོད། སྨན་རྫས་ཞིབ་འཇུག་གསར་སྤེལ་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ནད་ཡམས་སྔོན་འགོག་དང་སྨན་བཅོས། ནད་གསོ་བཅས་ཁྲོད་ཀྱི་ཀྲུང་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། ཀྲུང་ལུགས་གསོ་རིག་དང་སྨན་རྫས་དེ་རྒྱུན་འཛིན་གསར་གཏོད་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་ཧྭའི་དཔལ་ཡོན་གྱི་གཅེས་ནོར་དེར་བཀྲག་མདངས་གསར་པ་བསྣན་ཏེ། མི་དམངས་ཀྱི་བདེ་ཐང་དང་བདེ་སྐྱིད་ཆེ་རུ་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།