ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་དཔོན་པོར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125148842_15719248122421n.jpg

ཟླ་བཅུ་བའི་ཚེས་ཉེར་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་ཚབ་པ་མཱོ་ཀའེ་ལིས་ཉི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་བཞི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་ཚབ་པ་མཱོ་ཀའེ་ལིས་ཉི་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་མཱོ་ཀའེ་ལིས་ཉི་ཡིས་འགན་ཁུར་བའི་སྐབས་སུ་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་ཐད་བྱས་རྗེས་ཆེན་པོ་བཞག་པར་བསྔགས་བརྗོད་བྱས། ཁོང་གིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་གླིང་བར་ཐུན་མོང་གི་ཁེ་ཕན་ལྡན་པ་དང་། ཀྲུང་གོས་ནམ་ཡང་ཡོ་རོབ་གླིང་གཞི་གཅིག་ཅན་དུ་བསྒྱུར་བར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་དང་། མཐུན་སྒྲིལ་དང་དར་རྒྱས་ཀྱི་ཡོ་རོབ་གླིང་མནའ་འབྲེལ་ཞིག་མཐོར་ཐུབ་པའི་རེ་བ་བཅངས་ཡོད། ཡོ་རོབ་གླིང་མནའ་འབྲེལ་གྱི་སྐབས་གསར་བའི་འགོ་ཁྲིད་འདེམས་བསྐོ་བྱེད་ལ་ཉེ་བ་དང་། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་པ་དང་། ཕན་ཚུན་ལ་བརྩི་མཐོང་བྱེད་པ་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་རྒྱུན་འཁྱོངས་བྱེད་པ། ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འགོ་ཁྲིད་མི་སྣའི་གྲོས་མོལ་ཐེངས་ཉེར་གཅིག་པའི་ཐུན་མོང་གི་ལྟ་བ་ལག་བསྟར་བཟང་བོ་བྱེད་པ། ཀྲུང་གོ་དང་ཡོ་རོབ་གླིང་གི་ས་ཁམས་མཚོན་རྟགས་གྲོས་མཐུན་གྲོས་མོལ་དང་དངུལ་གཏོང་གྲོས་མཐུན་གྲོས་མོལ་མྱུར་དུ་ཡོངས་འགྲུབ་བྱེད་པ། ཕྱོགས་གཉིས་སྒོ་འབྱེད་རྒྱུན་འཁྱོངས་བྱེད་པ། ཐུན་མོང་གི་འཕེལ་རྒྱས་ལ་གཞིགས་ནས། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་དང་མཉམ་ལས་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

མཱོ་ཀའེ་ལིས་ཉི་ཡིས་བསྟན་དོན། ད་ལོའི་ཟླ་བཞི་བར། ཡོ་རོབ་གླིང་མནའ་འབྲེལ་དང་ཀྲུང་གོའི་འགོ་ཁྲིད་མི་སྣའི་གྲོས་མོལ་ལེགས་འགྲུབ་བྱུང་བ་དང་། གྲུབ་འབྲས་སྣ་ཚོགས་ལག་བསྟར་བྱེད་བཞིན་པའི་སྒང་ཡིན་ལ། ཡོ་རོབ་གླིང་མནའ་འབྲེལ་གྱི་སྐབས་གསར་བའི་ལས་ཁུངས་ཀྱིས་ཀྲུང་གོའི་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་། མུ་མཐུད་དུ་ཀྲུང་གོ་བར་གྱི་འབྲེལ་བ་དེ་ཕྱི་ཕྱོགས་སྲིད་ཇུས་ཀྱི་གོ་གནས་གལ་ཆེན་དུ་བཞག་སྟེ། ཀྲུང་གོའི་བར་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

ཝང་དབྱི་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།