ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཧྲན་ཞི་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125141333_15718114880751n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་ཉེར་གཅིག་དང་ཚེས་ཉེར་གཉིས་ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཧྲན་ཞི་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། ཧྲན་ཞི་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་གལ་ཆེན་དང་རེ་བ་ལྟར། གོ་སྐབས་དམ་འཛིན་བྱས་ཤིང་སྤོབས་པ་ཆེན་པོས་བཅོས་སྒྱུར་གསར་སྐྲུན་བྱས་པ་དང་། དཔལ་འབྱོར་ཚུལ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཐོན་ལས་ལེགས་ཤིང་སྤུས་ཚད་མཐོ་བ་དང་ཕན་འབྲས་བཟང་ལ། རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐབས་ལམ་གསར་བ་ཞིག་ཏུ་སྐྱོད་འགོ་བརྩམས་ཟེར།

རྟོག་ཞིབ་མཛད་སྐབས། ཧན་ཀྲིན་ཧྲན་ཞི་ཞིང་ཆེན་གྱི་སྲིད་དོན་ཞབས་ཕྱིའི་ལྟེ་གནས་སུ་ཕེབས་ཏེ་སྲིད་གཞུང་གི་འགན་ནུས་སྒྱུར་བ་དང་དབང་གཏོང་དོ་དམ་དང་ཞབས་ཕྱིའི་བཅོས་སྒྱུར་ལག་བསྟར་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོང་གིས་བསྟན་དོན།  སྲིད་གཞུང་གི་འགན་ནུས་སྒྱུར་བར་སྐུལ་འདེད་གཏོང་སྐབས་དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བཅོས་སྒྱུར་གྱི་ཚད་གཞི་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། དོན་དག་སྒྲུབ་སྐབས་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་བྱ་བར་ཤུགས་སྣོན་ཞིང་རྒྱུན་མཐུད་སྒོས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་། ཚོང་རའི་གཙོ་གཞི་དང་མང་ཚོགས་ཀྱི་མྱོང་ཚོར་དེ་གདེང་འཇོག་ཚད་གཞི་རུ་བརྩིས་ནས་ཐེངས་འདིའི་བཅོས་སྒྱུར་ཟབ་སྤེལ་བྱེད་དགོས་ཟེར།

1125141333_15718115085881n.jpg

ཧན་ཀྲིན་ཧྥིན་ཧི་སྤྱི་གླིང་གི་བཟོ་སྐྲུན་སྐབས་གསུམ་པའི་ཡུལ་དངོས་སུ་ཕེབས་ཏེ། ཐེ་ཡོན་གྲོང་ཁྱེར་གྱི་འཆར་འགོད་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་ཧྥིན་ཧི་སྐྱེ་ཁམས་བཅོས་སྐྱོང་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོང་གིས་བསྟན་དོན། གྲོང་ཁྱེར་གྱི་ཆུའི་མ་ལག་ཁོར་ཡུག་ཕྱོགས་བསྡུས་སྒྱུར་བཅོས་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ཆུའི་མ་ལག་མཐའ་འཁོར་གྲོང་ཁྱེར་གྱི་ཇུས་གཞི་ལེགས་པོ་བཀོད་ནས། གྲོང་ཁྱེར་སྡོད་དམངས་ལ་སྤུས་ཚད་ལེགས་པའི་ལྗང་མདོག་ཁོར་ཡུག་འདོན་སྤྲོད་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།