ཀྲུང་གོ་བོད་ཀྱི་དྲ་བ།

ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཆེད་དོན་ལེགས་བཅོས་བྱ་བའི་སྐུལ་སྤེལ་གྲོས་ཚོགས་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཆེད་དོན་དག་ཐེར་ལེགས་བཅོས་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཟླ་བཅུ་བའི་ཚེས་ཉེར་གསུམ་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་གི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དབྱང་ཞའོ་ཏུའུ་ཡིས་གྲོས་ཚོགས་ལ་འགོ་མཛིན་མཛད་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། ཆེད་དོན་དག་ཐེར་ལེགས་བཅོས་བྱ་བ་གཏིང་ཟབ་ཏུ་སྤེལ་ན། ཆབ་སྲིད་ལངས་གནས་མཐོར་འདེགས་གཏོང་བ་དང་། རང་འགུལ་གྱིས་རེའུ་མིག་དང་ཚད་གཞིར་དམིགས་ཏེ། བསམ་བློ་དང་འགུལ་སྐྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་དགོས། ཆེད་དོན་ལེགས་བཅོས་གྱི་གཙོ་གནད་ལ་དམིགས་པ་དང་། འབུར་ཐོན་གནད་དོན་ཐག་གཅོད་པ། སྲུང་སྐྱོབ་གཉིས་ཀྱི་ལ་དམིགས་ནས་དག་ཐེར་ལེགས་བཅོས་ལ་དམ་འཛིན་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བཟང་བོ་བྱེད་པར་ཁག་ཐེག་བྱེད་དགོས། མང་ཚོགས་ཀྱི་སེམས་ཁུར་བྱེད་པའི་བྱ་བར་དམིགས་ནས་དག་ཐེར་ལེགས་བཅོས་ལ་དམ་འཛིན་བྱས་ཏེ། ཏང་གི་སྲིད་འཛིན་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། རིམ་པ་བགར་བ་དང་རིགས་བགར་ནས་ལྟ་སྐུལ་མཛུབ་སྟོན་བྱེད་པར་ཤུགས་སྣོན་པ་དང་། སྤྱི་སྡོམ་ནན་མོ་བྱེད་པ། སྒོ་ཕྱེས་ནས་དག་ཐེར་ལེགས་བཅོས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཆེད་དོན་ལེགས་བཅོས་བྱ་བའི་ཐད་ནས་ཕན་འབྲས་ལེན་པར་བརྟེན་ནས་མི་དམངས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།