ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་ཉེར་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་རྟོག་ཞིབ་བཤེར་ཐེངས་དྲུག་པའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་ནས་སྲིད་ཇུས་དངོས་འབེབས་གེག་རྐྱེན་སེལ་དགོས་པའི་རེ་བ་བཏོན་པ་དང་། ཕྱི་ཕྱོགས་ཉོ་ཚོང་བརྟན་འཇགས་བྱ་བ་སྔར་ལས་བཟང་བོར་བསྒྲུབ་ནས་ཕྱི་གཏོང་ནང་འདྲེན་བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་བཀོད་སྒྲིག་བྱས་ཤིང་། ཕྱི་རྒྱལ་དངུལ་ལོར་གྱི་དོ་དམ་བྱེད་ཐབས་ལེགས་སྒྱུར་བྱས་ནས་རྒྱལ་ཁོངས་བརྒལ་བའི་ཉོ་ཚོང་དངུལ་གཏོང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་རྒྱུ་གཏན་འཁེལ་བྱས།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།