ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་སྐབས་དྲུག་པ་ཝུའུ་ཀྲེན་དུ་གྲོལ་བ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : འབུམ་པ་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཚོགས་ཡུན་ཉིན3ཡིན་པའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་སྐབས་དྲུག་པ་ཚེས22ཉིན་ཀྲེ་ཅང་ཝུའུ་ཀྲེན་དུ་གྲོལ་བ་རེད།

ཚོགས་ཆེན་འཚོགས་རིང་། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ83ནས་ཡོང་བའི་སྐུ་མགྲོན1500ལྷག་ཙམ་ཝུའུ་ཀྲེན་དུ་འཛོམས་ཏེ“རིག་ནུས་དྲ་སྦྲེལ་གྱི་སྒོ་དབྱེ་མཉམ་ལས་ཏེ། ལག་གདང་སྦྲེལ་ནས་དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་བསྐྲུན་པའི”བརྗོད་དོན་གཙོ་བོར་དམིགས་ཏེ་དྲ་རྒྱའི་བར་མཐོངས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་གླེང་ནས་ཆ་འཕྲིན་ལག་རྩལ་གསར་གཏོད་ཀྱི་གྲུབ་འབྲས་མངོན་པ་དང་དྲ་རྒྱའི་བར་མཐོངས་སྒོ་དབྱེ་མཉམ་ལས་ཀྱི་ཐབས་ལམ་བཏོད་ཡོད།

ཚོགས་ཆེན་གྲོལ་བའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ལེ་ཧུང་གིས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་སྐབས་དྲུག་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཀྲུང་གོ་དང་འཛམ་གླིང་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ཏེ། དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ཟོལ་མེད་ཀྱི་འདུན་པ་མཚོན་པར་བྱས་པར་ཚོགས་ཞུགས་སྐུ་མགྲོན་གྱི་ཚུར་སྣང་ལན་ཆ་དྲག་པོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་ཡོད་ཅེས་བསྟན།

ལིའུ་ལེ་ཧུང་གིས་ཚོགས་ཆེན་རིང་ཁྱབ་བསྒྲགས་བྱས་པའི《དྲ་རྒྱའི་བདག་དབང་ལས། རིགས་པའི་གཞུང་ལུགས་དང་ལག་ལེན》《འཛམ་གླིང་དྲ་སྦྲེལ་འཕེལ་རྒྱས་ཀྱི་སྙན་ཞུ2019》《ཀྲུང་གོའི་དྲ་སྦྲེལ་འཕེལ་རྒྱས་ཀྱི་སྙན་ཞུ2019》《ཝུའུ་ཀྲེན་གྱིས2019ལ་རྒྱང་ལྟ་བྱེད་པ》སོགས་ཀྱི་གྲུབ་འབྲས་ལ་དོ་ཁུར་ཆེན་པོ་ཐོབ་ནས་གོ་ལ་ཧྲིལ་པོའི་དྲ་སྦྲེལ་འཕེལ་རྒྱས་ལ་བསམ་བློ་གསར་པ་དཔྱད་གཞིར་འཛིན་པ་དང་རིག་སྟོབས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད་ཟེར།

ཀྲེ་ཅང་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ཀའོ་ཞིན་ཧྥུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་གྱི“དྲ་སྦྲེལ་འོད་སྣང”གི་དངོས་མང་སྟོན་ཚོགས་ཟླ10ཚེས་18ནས22ཉིན་བར་བདེ་བླག་ངང་གཉེར་བ་དང་གླིང་ཆེན་ལྔ་ཡི་རྒྱལ་ཁབ་དང་ས་ཁུལ38ནས་ཡོང་བའི་ཁེ་ལས601འགྲེམས་སྟོན་ནང་ཞུགས་པའི་ནང་ཕྱི་རྒྱལ་གྱི་ཁེ་ལས་དང་སྒྲིག་གཞི107ཡོད་པ་དེ་བཅུ་ཆ་གསུམ་འཕར་ཡོད་པ་རེད། མིས་བཟོས་རིག་ནུས་དང་། 5G བཟོ་ལས་དྲ་སྦྲེལ། དྲ་རྒྱའི་བདེ་འཇགས། ཟོག་སྦྲེལ་དྲ་བ་སོགས་ཁྱབ་ཁོངས་ཀྱི་ལག་རྩལ་གསར་པ་དང་། ཐོན་རྫས་གསར་པ། དེ་བཞིན་ཉེར་སྤྱོད་གསར་པ་བཅས་ཕན་ཚུན་འགྲན་བསྡུར་ངང་སྟེགས་བུའི་ཐོག་འགྲེམས་སྟོན་བྱས་པ་དང་། འཛམ་གླིང་དྲ་སྦྲེལ་གྱི་སྔོན་ཐོན་ཚན་རྩལ་གྲུབ་འབྲས15སྐབས་འདིའི་ཚོགས་ཆེན་ཐོག་གྲུབ་འབྲས་ཐོབ་པའི་ངང་ཁྱབ་བསྒྲགས་བྱས་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ཕན་འབྲས་ཐོན་ཡོད་པ་རེད།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།