ཀྲུང་གོ་བོད་ཀྱི་དྲ་བ།

དམག་མིའི་ལུས་རྩལ་འགྲན་ཚོགས་སྟེང་བུད་མེད་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གིས་བྱ་དགའ་ཨང་གཉིས་པ་བླངས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2019-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.gif

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས22ཉིན་གྱི་དགོང་མོར། དམག་མིའི་ལུས་རྩལ་འགྲན་ཚོགས་ཀྱི་བུད་མེད་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གིས1:3གྱིས་པར་ཙིར་རུ་ཁག་ལས་རྒྱལ་ཏེ་ཨང་གཉིས་པ་ཐོབ་པ་རེད། 

གསེར་གྱི་བྱ་དགའ་མ་ཐོབ་པས་ཅུང་ཡིད་སྐྱོ་བ་ཞིག་ཡིན་ནའང་། འོན་ཀྱང་ནུས་ཤུགས་ཡོད་རྒུ་ཕུལ་བའི་ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་རུ་ཁག་ལ་སྔར་བཞིན་དཔའ་བོའི་རང་གཤིས་ལྡན། 

1125138936_15717886769751n.jpg

གང་ལྟར་ཚང་མར་སེམས་འགུལ་ཐེབས་པ་ནི་གསེར་གྱི་རྟགས་མ་མིན་པར་ཁོ་མོ་ཚོའི་ཞུམ་པ་མེད་པའི་སྙིང་སྟོབས་རེད། 

ཆེས་དྲོ་སྐྱིད་ལྡན་པ་ནི་བུད་མེད་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གི་བུ་མོ་ཚོ་དང་ལྟད་མོ་བའི་བཞུགས་གྲལ་གྱི“དམག་མི་ཕུ་བོའི”རོགས་སྐྱོར་ཚོགས་པའི་མཉམ་འགུལ་ལས་བྱུང་བ་ཞིག་རེད། 

འགྲན་བསྡུར་རྗེས་ཀྱི་བུད་མེད་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གིས་ཚོགས་རར་སྐོར་བ་བརྒྱབ་ནས་ལྟད་མོ་བ་ཚོར་ཐུགས་རྗེ་ཆེ་ཞུ་སྐབས། “དམག་མི”ཚོས་མགྲིན་གཅིག་ཏུ“ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་རུ་ཁག ཁྱེད་ཚོ་ཧ་ཅང་ངར་བ་རེད། ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་རུ་ཁག་ཁྱེད་ཚོ་རྒྱལ་སོང་བ་རེད་ཟེར། 

 དེ་ནས་“དམག་མིའི་ཕུ་བོ་”རྣམས་དང་བུད་མེད་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གིས་ཕན་ཚུན་ལ་གུས་འདུད་ཞུས།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།