ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་གློག་ཤུགས་གློག་རྡུལ་བཟོ་སྐྲུན་ཨུ་ཡོན་ལྷན་ཁང་གི་ཚོགས་ཆེན་སྐབས་གྱ་གསུམ་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས21ཉིན། རྒྱལ་སྤྱིའི་གློག་ཤུགས་གློག་རྡུལ་བཟོ་སྐྲུན་ཨུ་ཡོན་ལྷན་ཁང་གི་ཚོགས་ཆེན་སྐབས་གྱ་གསུམ་པ་ཧྲང་ཧེ་ནས་ཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། དེང་སྐབས། ལྗང་མདོག་ཐན་ཉུང་འཁོར་རྒྱུག་འཕེལ་རྒྱས་དེ་མིའི་རིགས་ཀྱི་ཐུན་མོང་དམིགས་འབེན་དུ་གྱུར་ཡོད་ལ། མིས་བཟོས་རིག་ནུས་དང་གྲངས་འཛིན་ཆེན་མོ་སོགས་ལག་རྩལ་གསར་བ་དང་ནུས་ཁོངས་གློག་འདོན་གསར་བ་དང་གློག་སྒུལ་རླངས་འཁོར་སོགས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པས། འབྲེལ་ཡོད་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་ཚད་གཞི་གཏན་འཁེལ་དང་བཀོལ་སྤྱོད་བྱེད་པ་དང་། ཚད་གཞིའི་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་ཚད་གཞི་ཅན་གྱི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཧུར་ཐག་སྒོས་རྒྱལ་སྤྱིའི་ཚད་གཞི་ཁྱབ་གདལ་དུ་གཏོང་བ་དང་བཀོལ་སྤྱོད་གང་ལེགས་བྱས་ཏེ། ཚད་གཞི་མཐོ་བའི་སྒོ་ནས་ལག་རྩལ་གསར་སྐྲུན་ལ་རོགས་འདེགས་བྱེད་པ་དང་། ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བར་མ་ཟད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་ཡིན། ཀྲུང་གོས་མུ་མཐུད་དུ་རྒྱལ་སྤྱིའི་ཚད་གཞི་ཅན་གྱི་བྱ་འགུལ་ལ་རྒྱབ་སྐྱོར་བྱེད་པ་དང་དེའི་ཁྲོད་དུ་ཞུགས་པར་མ་ཟད་རྒྱལ་ཁབ་སོ་སོ་དང་མཉམ་དུ་རྒྱལ་སྤྱིའི་ཚད་གཞིའི་མ་ལག་དང་བཅོས་སྐྱོང་སྒྲིག་གཞི་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཚད་གཞི་ཡིས་རྒྱལ་སྤྱིའི་ཉོ་ཚོང་དང་འཛམ་གླིང་བཅོས་སྐྱོང་ཁྲོད་དུ་ནུས་པ་ཆེན་པོ་འདོན་དུ་འཇུག་འདོད་ཡོད་ཟེར།

རྒྱལ་སྤྱིའི་གློག་ཤུགས་གློག་རྡུལ་བཟོ་སྐྲུན་ཨུ་ཡོན་ལྷན་ཁང་གི་ཚོགས་ཆེན་སྐབས་གྱ་གསུམ་པ་ཟླ་བཅུ་བའི་ཚེས་བཅུ་བཞི་ཉིན་ནས་ཚེས་ཉེར་ལྔ་ཉིན་བར་ཧྲང་ཧེ་ནས་ཚོགས། ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི་སྤུས་ཚད་ལ་བརྟེན་ནས་མཛེས་པའི་འཚོ་བ་གསར་སྐྲུན་བྱེད་རྒྱུ་དེ་ཡིན་པ་དང་བསྡོམས་པས་རྒྱལ་ཁབ་བརྒྱ་ལྷག་གི་ཆེད་མཁས་པ་སྟོང་གསུམ་དང་བརྒྱད་བརྒྱ་ལྷག་ཐེངས་འདེའི་ཚོགས་ཆེན་ལ་གདན་འདྲེན་ཞུས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།