ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན2019ལོའི་ཐེ་ཡོན་ནུས་ཁུངས་ཐཱན་ཉུང་འཕེལ་རྒྱས་གླེང་སྟེགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་ཡིག་སྒྲོག་འདོན་བྱས་པར་མ་ཟད་བརྗོད་དོན་གཏམ་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125138582_15717571518591n.jpg

ཟླ10བའི་ཚེས22ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཉིས་སྟོང་བཅུ་དགུ་ལོའི་ཐེ་ཡོན་ནུས་ཁུངས་ཐཱན་ཉུང་འཕེལ་རྒྱས་གླེང་སྟེགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་ཡིག་སྒྲོག་འདོན་བྱས་པར་མ་ཟད་བརྗོད་དོན་གཏམ་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚེས་ཉེར་གཉིས་ཉིན་ཉིས་སྟོང་བཅུ་དགུ་ལོའི་ཐེ་ཡོན་ནུས་ཁུངས་ཐཱན་ཉུང་འཕེལ་རྒྱས་གླེང་སྟེགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་ཡིག་སྒྲོག་འདོན་བྱས་པར་མ་ཟད་བརྗོད་དོན་གཏམ་བཤད་གནང་།

ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེད་དུ་རྟེན་འབྲེལ་ཞུ་ཡིག་བསྐུར་ཡོང་བ་དེས་ཀྲུང་གོ་སྲིད་གཞུང་གིས་ནུས་ཁུངས་ཐཱན་ཉུང་འཕེལ་རྒྱས་ལ་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་པ་མངོན་པར་མཚོན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསར་བརྗེ་བཞི་དང་མཉམ་ལས་གཅིག་གི་ནུས་ཁུངས་བདེ་འཇགས་ཀྱི་འཐབ་ཇུས་གསར་བའི་མཛུབ་སྟོན་འོག་ཏུ། ཀྲུང་གོས་རྒྱུན་ཆད་མེད་པར་ནུས་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་གསར་བརྗེ་གཏིང་ཟབ་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་བ་དང་། ནུས་ཁུངས་དྭགས་གཙང་དང་ཐཱན་ཉུང་གི་ཕྱོགས་སུ་རིམ་སྤོར་བྱེད་པ་ཇེ་མགྱོགས་སུ་བཏང་ནས། ནུས་ཁུངས་ལས་དོན་གྱི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་ཟེར།

ཧན་ཀྲིན་གྱིས་བསྟན་དོན། འཛམ་གླིང་སྟེང་ཆེས་ཆེ་བའི་ནུས་ཁུངས་ཐོན་སྐྱེད་རྒྱལ་ཁབ་དང་འཛད་སྤྱོད་རྒྱལ་ཁབ་ཡིན་པའི་ཆ་ནས། ཀྲུང་གོས་མུ་མཐུད་དུ་ནུས་ཁུངས་གསར་བརྗེ་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ནུས་ཁུངས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་ཤུགས་བསྣན་ནས། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་འགྱུར་མེད་ཀྱི་ཁག་ཐེག་འདོན་སྤྲོད་བྱེད་དགོས།  ནུས་ཁུངས་དང་དེང་རབས་ཆ་འཕྲིན་ལག་རྩལ་བར་གཏིང་ཟབ་སྒོས་མཉམ་འདྲེས་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ནུས་ཁུངས་ནང་རྐྱེན་གསར་བརྗེ་བྱེད་པར་ཡར་སྐུལ་གཏོང་བ། ནུས་ཁུངས་ཁྲོམ་ར་ཅན་གྱི་གསར་བརྗེས་ལ་ཤུགས་ཡོད་སྒོས་སྐུལ་འདེད་གཏོང་བ། ནུས་ཁུངས་དངུལ་གཏོང་སྣ་མང་ཅན་ལ་ཧུར་ཐག་གིས་ཤུགས་སྣོན་བྱས་ཏེ། གློག་ཤུགས་དང་སྣུམ་རླངས་ནང་རྐྱེན་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས། ནུས་ཁུངས་རིན་གོང་འགྲུབ་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས་ཟེར།

ཅེ་ཁི་རྒྱལ་ཁབ་ཀྱི་སྔོན་ཆད་ཀྱི་ཙུང་ལི་སའོ་པའོ་ཐི་ཁ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ལིག་ཀྲིན་མེན་གཉིས་ཀྱིས་མཛད་སྒོའི་སྟེང་ཤིས་ཚིག་ཕུལ་ཏེ། ཀྲུང་གོ་སྲིད་གཞུང་གིས་འཛམ་གླིང་ལ་སྣེ་ཁྲིད་ནས་བཙོག་རྫས་ཉུང་འདོན་གྱི་འགུལ་སྐྱོད་སྤེལ་བ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། ཡང་བསྐྱར་བཀོལ་ཆོག་པའི་ནུས་ཁུངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འབུར་དུ་ཐོན་པའི་བྱས་རྗེས་བཞག་པར་བསྟོད་བསྔགས་ཚད་མཐོན་པོ་བྱེད་བཞིན་ཡོད་པར་མ་ཟད། ནུས་ཁུངས་འཕེལ་རྒྱས་ཀྱི་འཛམ་གླིང་གྲོས་མོལ་དང་ཉམས་མྱོང་ལག་རྩལ་མཉམ་སྤྱོད་བྱེད་པར་ཤུགས་སྣོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་མཉམ་དུ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།

ཐེངས་འདིའི་གླེང་སྟེགས་ཀྱིས་བརྗོད་དོན་ནི་ནུས་ཁུངས་གསར་བརྗེ་དང་རྒྱལ་སྤྱིའི་མཉམ་ལས་ཞེས་པ་དེ་ཡིན་ལ། རྒྱལ་ཁབ་ཉི་ཤུ་ལྷག་དང་རྒྱལ་སྤྱིའི་རྩ་འཛུགས་མང་པོའི་འཐུས་མི་བརྒྱད་བརྒྱ་ལྷག་གྲོས་ཚོགས་ལ་ཞུགས་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།