ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས2019ལོའི་ཐའེ་ཡོན་ནུས་ཁུངས་ཐཱན་ཉུང་འཕེལ་རྒྱས་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས22ཉིན། 2019ལོའི་ཐའེ་ཡོན་ནུས་ཁུངས་ཐཱན་ཉུང་འཕེལ་རྒྱས་གླེང་སྟེགས་ཧྲན་ཞི་ཐའེ་ཡོན་དུ་འགོ་ཚུགས་པ་དང་། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། ནུས་ཁུངས་ཐཱན་ཉུང་འཕེལ་རྒྱས་གཏོང་རྒྱུ་དེ་མིའི་རིགས་ཀྱི་མ་འོངས་པ་དང་འབྲེལ་བ་ཡོད་ལ། ཀྲུང་གོས་ནུས་ཁུངས་ཐཱན་ཉུང་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཧུར་ཐག་གིས་ནུས་ཁུངས་འཛད་སྤྱོད་དང་། མཁོ་སྤྲོད། ལག་རྩལ། སྒྲིག་སྲོལ་བཅས་ཀྱི་གསར་བརྗེར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཕྱོགས་ཡོངས་ནས་ནུས་ཁུངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ནུས་ཁུངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པ། རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་ལེགས་པོ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།