ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་བ་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

201910221016430pG5.jpg

ཟླ10བའི་ཚེས21ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་བས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་འགོ་མཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་བས་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་འགོ་མཛིན་མཛད།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ལིག་ཅི་ཞིན་གྱིས་ཕུལ་བའི་གསང་ཨང་བཅའ་ཁྲིམས་འཆར་ཟིན་གྱི་གྲོས་ཞིབ་གྲུབ་འབྲས་སྐོར་གྱི་སྙན་ཞུ་ལ་ཉན། རྩ་ཁྲིམས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་འཆར་ཟིན་འཐུས་ཚང་བས། ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་འགོད་རྒྱུའི་བསམ་འཆར་བཏོན།

ཚོགས་ཐོག་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧུའུ་ཁི་མེན་གྱིས་ཕུལ་བའི་ནགས་ཚལ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་བཟོ་བཅོས་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཅང་པིས་ཞིན་གྱིས་ཕུལ་བའི་སྡོད་ཁུལ་གྱི་ཡོ་བསྲང་བཅའ་ཁྲིམས་འཆར་ཟིན་བཟོ་བཅོས་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་གཉིས་ལ་ཉན།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གིས་ཐེངས་འདིའི་གྲོས་ཚོགས་སྟེང་སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱེད་པའི་སྐོར་གྱི་རེ་ཞུ་གྲོས་གཞི་བཏོན། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཀའོ་ཧུའུ་ཡིས་གསལ་བཤད་བྱས་ནས། ཁྲིམས་འཛུགས་ཀྱི་དགོས་མཁོ་རང་བཞིན་དང་གལ་ཆེན་རང་བཞིན་དང་། ཁྲིམས་འཛུགས་ཀྱི་མཛུབ་སྟོན་བསམ་བློ་དང་རྩ་དོན། རྨང་གཞི། འཆར་ཟིན་གྱི་ནང་དོན་གཙོ་བོ་སོགས་ངོ་སྤྲོད་བྱས།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གིས་ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་པའི་སྐོར་གྱི་རེ་ཞུ་གྲོས་གཞི་དང་། ནར་མ་སོན་པའི་མིའི་ནག་ཉེས་བཟོ་བར་སྔོན་འགོག་བྱེད་པའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་པའི་རེ་ཞུ་གྲོས་གཞི་བཏོན། སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཧི་དབྱི་ཐིན་གྱིས་སོ་སོར་གོང་གི་བཅའ་ཁྲིམས་གཉིས་ལ་བཟོ་བཅོས་བྱེད་པའི་དགོས་ངེས་རང་བཞིན་དང་མཛུབ་སྟོན་བསམ་བློ། སྤྱི་ཁོག་བསམ་ཕྱོགས། བཅའ་ཁྲིམས་བཟོ་བཅོས་ཀྱི་ནང་དོན་གཙོ་བོ་སོགས་ཐད་ནས་གསལ་བཤད་གསལ་བོ་བྱས།

ཡིག་ཚགས་བཅའ་ཁྲིམས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་འཐབ་ཇུས་བཀོད་སྒྲིག་ཕན་ཚུན་མི་འཚམ་པས། མྱུར་དུ་བཟོ་བཅོས་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡིག་ཚགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་པའི་སྐོར་གྱི་རེ་ཞུ་གྲོས་གཞི་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། རྒྱལ་ཁབ་ཡིག་ཚགས་ཅུའུ་ཡི་ཅུའུ་ཀྲང་ལིས་མེན་ཧྭ་ཡིས་གསལ་བཤད་བྱས་ཏེ། བཟོ་བཅོས་བྱེད་པའི་དགོས་ངེས་རང་བཞིན་དང་སྤྱི་ཁོག་གི་བསམ་ཕྱོགས། ནང་དོན་གཙོ་བོ་བཅས་ངོ་སྤྲོད་བྱས།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྲོས་ཚོགས་ཀྱིས་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ལྟ་ཞིབ་ཁྲིམས་སྲོལ་གཏན་འབེབས་བྱེད་པའི་ཐག་གཅོད་འཆར་ཟིན་ལ་གྲོས་ཞིབ་བྱེད་པའི་སྐོར་གྱི་རེ་ཞུ་གྲོས་གཞི་བཏོན། ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་མངག་བཅོལ་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲིན་ཁྲུན་ཡའོ་ཡིས་གསལ་བཤད་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་དུ་གནས་སྐབས་སུ་འབྲེལ་ཡོད་བཅའ་ཁྲིམས་གཏན་ཁེལ་ལེགས་སྒྲིག་དང་ལག་བསྟར་བྱེད་པའི་དབང་ཆ་སྟེར་བའི་ཐག་གཅོད་འཆར་ཟིན་སྐོར་གྱི་གྲོས་གཞི་བཏོན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་ཧྥུའུ་ཀྲིན་ཧྭ་ཡིས་གསལ་བཤད་བྱས།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་གྱིས་གྲོས་ཚོགས་སྟེང་མཐོ་རིམ་སློབ་གསོ་བཅའ་ཁྲིམས་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་ཕུལ།

ཚོགས་ཐོག་ནས་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝུའུ་ཡུས་ལེང་དང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཞུའུ་ཧྲའོ་ཧྲི། ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཀྲང་ཡེ་སུའེ། སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཧི་དབྱི་ཐིན་བཅས་ཀྱིས་སོ་སོར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་སྤྲད་པའི་འཐུས་མིས་བཏོན་པའི་གྲོས་གཞི་ལ་གྲོས་ཞིབ་བྱས་པའི་གྲུབ་འབྲས་སྐོར་གྱི་སྙན་ཞུ་ཕུལ།

ཚོགས་ཐོག་ནས་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡི་འཚམས་འདྲི་མཛད་པའི་གནས་ཚུལ་སྐོར་གྱི་ཡིག་ཐོག་སྙན་ཞུ་ལ་གྲོས་ཞིབ་བྱས།

ཚོགས་ཐོག་ནས་ད་དུང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝུའུ་ཡུས་ལེང་གིས་ཕུལ་བའི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། འབྲེལ་ཡོད་བསྐོ་བཞག་ཇུས་གཞི་ལ་གྲོས་ཞིབ་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།