ཀྲུང་གོ་བོད་ཀྱི་དྲ་བ།

བློ་མཐུན་མཱ་ཝུན་ཆི་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས་པ་དང་ཝང་དབྱང་བཞུགས་མོལ་ཚོགས་འདུར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20191022095130RbjB.jpg

ཟླ10བའི་ཚེས21ཉིན། བློ་མཐུན་མཱ་ཝུན་ཆི་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད། ཚོགས་འདུའི་སྔོན་ལ་བློ་མཐུན་མཱ་ཝུན་ཆི་ཡི་གཉེན་མི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བློ་མཐུན་མཱ་ཝུན་ཆི་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་བྱེད་པའི་བཞུགས་མོལ་ཚོགས་འདུ་ཚེས་ཉེར་གཅིག་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད། ཚོགས་འདུའི་སྔོན་ལ་བློ་མཐུན་མཱ་ཝུན་ཆི་ཡི་གཉེན་མི་ལ་མཇལ་འཕྲད་གནང་།

བློ་མཐུན་མཱ་ཝུན་ཆི་ནི་མིང་དུ་གྲགས་པའི་རྒྱལ་གཅེས་རིང་ལུགས་པ་དང་ཕུལ་དུ་བྱུང་བའི་སྤྱི་ཚོགས་བྱེད་སྒོ་སྤེལ་མཁན། ཨོ་མོན་བཟོ་ཚོང་ལས་རིགས་ཀྱི་འཇོན་མི་རྩེ་གྲས། ཀྲུང་གོ་གུང་ཁྲན་ཏང་གི་མཛའ་མཐུན་གྲོགས་པོ་བཅས་ཡིན་ལ། སྔོན་ཆད་རྒྱལ་ཡོངས་སྲིད་གྲོས་སྐབས་བརྒྱད་པ་དང་དགུ་བ། བཅུ་བ། བཅུ་གཅིག་པ་བཅས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་འཁུར་མྱོང་།

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུག་ཆོན་གྱིས་བཞུགས་མོལ་ཚོགས་འདུའི་སྟེང་བློ་མཐུན་མཱ་ཝུན་ཆི་ཡི་འོད་སྟོང་འབར་བའི་མི་ཚེ་ལ་ཕྱིར་དྲན་བྱས་པར་མ་ཟད། ཁོང་གི་གནམ་འོག་ལ་ཕན་པའི་རྒྱལ་གཅེས་བརྩེ་སེམས་དང་ཨོ་མོན་ལ་དགའ་བ་དང་ཕ་ཡུལ་ལ་དགའ་བའི་འགན་འཁྲིའི་འདུ་ཤེས། སྔོན་དུ་བྱེད་ཕོད་པའི་རིན་བྲལ་བྱ་སྤྱོད། སློབ་སྦྱོང་ལ་འབད་པའི་སློབ་གཉེར་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས་འབད་འབུངས་ཡར་བརྩོན་བྱེད་པ་དང་ལག་གདང་མཉམ་སྦྲེལ་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་བསྟན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧི་ཧིག་ཧྭ་བཞུགས་མོལ་ཚོགས་འདུར་ཞུགས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོ་ཞ་པའོ་ལུང་གིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།