ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་པེ་ཅིན་ཞང་ཧྲན་གླེང་སྟེགས་སྐབས་དགུ་བ་ཚོགས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས21ཉིན། པེ་ཅིན་ཞང་ཧྲན་གླེང་སྟེགས་སྐབས་དགུ་བ་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཞི་བདེ་ནི་མིའི་རིགས་ཀྱི་འགྱུར་མེད་རེ་འདུན་ཡིན། ཀྲུང་གོས་གླེང་མོལ་གྱིས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་མཉམ་ལས་ཀྱིས་ཞི་བདེ་ལ་སྐུལ་འདེད་གཏོང་བ། ཞི་བདེ་ཡིས་འཕེལ་རྒྱས་ཁག་ཐེག་བྱེད་པ་རྒྱུན་འཁྱོངས་བྱེད་ངེས་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོབ་བྱེད་པ་དེ་ས་ཁུལ་དང་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་པར་མ་ཟད། རྒྱལ་ཁབ་སོ་སོས་བློ་གྲོས་དང་སྟོབས་ཤུགས་ཆེན་པོ་འདོན་དགོས། རྙོག་འཛིང་ཆེ་བའི་བདེ་འཇགས་འཇིགས་སྐུལ་གྱི་མདུན་དུ་རྒྱལ་ཁབ་སོ་སོ་མཐུན་སྒྲིལ་དམ་པོ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོབ་གང་ལེགས་བྱེད་པ་དང་། རྣམ་པ་གསར་བའི་བདེ་འཇགས་གྲོགས་པོའི་འབྲེལ་བ་སྔར་ལས་འཐུས་ཚང་དུ་གཏོང་དགོས་ལ། ས་ཁུལ་གྱི་འཕེལ་རྒྱས་དོན་དངོས་དང་མཐུན་པའི་བདེ་འཇགས་སྤྱི་ཁོག་གསར་སྐྲུན་བྱེད་པ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས་ཡོང་བར་སྐུལ་འདེད་བཏང་ནས། འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་གསར་སྐྲུན་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།