ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སྐབས83པའི་རྒྱལ་སྤྱིའི་གློག་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས21ཉིན། སྐབས83པའི་རྒྱལ་སྤྱིའི་གློག་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་ཆེན་ཧྲང་ཧའེ་དུ་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར། ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་སུ་གཏོང་བ་དེ་མིའི་རིགས་ཀྱི་ཐུན་མོང་གི་དམིགས་ཡུལ་དུ་གྱུར་པ་དང་། མིས་བཟོས་རིག་ནུས་དང་། གྲངས་གཞི་ཆེན་པོ། 5Gསོགས་ལག་རྩལ་གསར་པ་དང་ནུས་རྒྱུ་གསར་པའི་གློག་གཏོང་དང་གློག་སྒུལ་རླངས་འཁོར་སོགས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་བྱུང་ནས། འབྲེལ་ཡོད་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་ཚད་གཞི་གཏན་འབེབས་དང་བེད་སྤྱོད་བྱ་རྒྱུ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད་པ་དང་ཚད་ལྡན་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཚད་ལྡན་ཅན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། རྒྱལ་སྤྱིའི་ཚད་གཞི་ཁྱབ་སྤེལ་དང་བེད་སྤྱོད་ཧུར་ཐག་གཏོང་བ། ཚད་གཞི་མཐོན་པོས་ལག་རྩལ་མཐོ་གྲས་གསར་གཏོད་ལ་རམ་འདེགས་བྱེད་པ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་བཅས་བྱེད་དགོས། ཀྲུང་གོས་མུ་མཐུད་དུ་རྒྱལ་སྤྱིའི་ཚད་ལྡན་ཅན་གྱི་བྱེད་སྒོར་རྒྱབ་སྐྱོར་དང་དེའི་ནང་ཧུར་ཐག་གིས་ཞུགས་ནས་རྒྱལ་ཁབ་སོ་སོ་དང་མཉམ་དུ་རྒྱལ་སྤྱིའི་ཚད་གཞིའི་མ་ལག་དང་བཅོས་སྐྱོང་གྲུབ་ཆ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ་རྒྱལ་སྤྱིའི་ཚོང་དོན་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་ཀྱི་ཚད་གཞིའི་ནུས་པ་དེ་བས་ལེགས་པོའི་སྒོ་ནས་འདོན་སྤེལ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

རྒྱལ་སྤྱིའི་གློག་ལས་ཨུ་ཡོན་ལྷན་ཁང་ནི1906ལོར་བཙུགས་པ་དང་། གློག་ལས་གློག་རྡུལ་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་ཚད་གཞི་གཏན་འབེབས་བྱེད་པའི་རྩ་འཛུགས་ཤིག་ཡིན། རྒྱལ་སྤྱིའི་གློག་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་ཆེན་ནི་རྩ་འཛུགས་དེའི་རིམ་པ་མཐོ་ཤོས་ཀྱི་ཚོགས་ཆེན་ཡིན། སྐབས83པའི་རྒྱལ་སྤྱིའི་གློག་ལས་ཨུ་ལྷན་གྱི་ཚོགས་ཆེན་དེ་ཟླ10ཚེས14ཉིན་ནས་ཚེས25ཉིན་བར་ཧྲང་ཧའེ་ནས་འཚོགས་ཤིང་། བརྗོད་དོན་གཙོ་བོ་ནི“སྤུས་ཚད་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན”ཞེས་པ་དེ་ཡིན་པ་དང་། རྒྱལ་ཁབ100ལྷག་གི་ཆེད་མཁས་པ3800ལྷག་ཙམ་ཀྲུང་གོར་གདན་དྲངས་ནས་ཚོགས་འདུར་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།