ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སྐབས་གསུམ་པའི་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་མཉམ་ལས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-10-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་10ཚེས་21ཉིན་སྐབས་གསུམ་པའི་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་མཉམ་ལས་གླེང་སྟེགས་ས་མོ་ཡའི་རྒྱལ་ས་ཨ་ཕི་ཡར་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

ཞི་ཅིན་ཕིང་གིས2018ལོའི་ཟླ་11པར། བདག་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་པཱ་པུའུ་ཡ་ཞིན་ཅི་ནའི་ཡ་རུ་ཐུག་འཕྲད་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བ་དེ་ཕན་ཚུན་བརྩི་འཇོག་དང་ཐུན་མོང་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤར་བྱེད་པར་གྲོས་མཐུན་བྱུང་སྟེ། ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་དབར་གྱི་འབྲེལ་བའི་དུས་མཚམས་གསར་པ་བཏོད་ཡོད་ཅེས་བསྟན།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་མཉམ་ལས་གླེང་སྟེགས་སྐབས་གསུམ་པ་གཉེར་བ་ནི་བེདག་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ཞིག་ཡིན། ཕྱོགས་གཉིས་པོས་ལས་སྟེགས་གལ་ཆེན་དེ་བེད་སྤྱོད་གང་ལེགས་བྱས་ནས་འདོད་བློ་སྤེལ་རེས་དང་།  མཉམ་ལས་བརྗེ་རེས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་གཉིས་པོའི་མཉམ་ལས་ལ་འཕེལ་རྒྱས་དེ་བས་ཆེནཔོ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།