ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཤུགས་སྣོན་དང་ལེགས་བསྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་ཞིབ་སྡུར་གྲོས་ཚོགས་བསྡུས།

2.jpg

ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་པེ་ཅིན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཤུགས་སྣོན་དང་ལེགས་བསྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་ཞིབ་སྡུར་གྲོས་ཚོགས་བསྡུས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་ཚེས་བཅོ་བརྒྱད་ཉིན་པེ་ཅིན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཤུགས་སྣོན་དང་ལེགས་བསྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་ཞིབ་སྡུར་གྲོས་ཚོགས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་དབྱང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཤུགས་སྣོན་དང་ལེགས་བསྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དེ་མར་ཁེ་སི་རིང་ལུགས་ཀྱི་འཐབ་ཕྱོགས་གཅིག་གྱུར་གཞུང་ལུགས་དང་། ཀྲུང་གོའོ་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལག་ལེན། ཀྲུང་ཧྭ་རིག་གནས་ཀྱི་ས་ཞིང་ལས་བྱུང་བ་ཡིན་ལ། དུས་རབས་གསར་བར་འཐབ་ཕྱོགས་གཅིག་གྱུར་དགོས་མིན་དང་ཅི་ལྟ་བའི་འཐབ་ཕྱོགས་གཅིག་གྱུར་ཞིག་དགོས་པ། འཐབ་ཕྱོགས་གཅིག་གྱུར་ཅི་ལྟར་འཛུགས་སྐྲུན་བྱེད་པ་སོགས་གནད་དོན་གལ་ཆེན་ལ་ལན་གསལ་བོ་བཏབ་ཡོད་པ་དང་། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཡིན་ལ། དུས་རབས་གསར་བའི་འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་བོར་བསྒྲུབ་པའི་ཐད་བསམ་བློའི་སྣེ་ཁྲིད་དང་འགུལ་སྐྱིད་ཕྱོགས་སྟོན་འདོན་སྤྲོད་བྱས། དགོངས་པ་གལ་ཆེན་དེའི་ངོ་བོ་དང་ནང་དོན་ལ་སློབ་སྦྱོང་གཏིང་ཟབ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། དུས་རབས་གསར་བའི་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་ཕྱོགས་གནས་ཁོང་དུ་ཆུད་པར་བྱེད་པ། འཐབ་ཕྱོགས་གཅིག་གྱུར་བྱ་བའི་འགན་འཁྲི་ལས་འགན་ལ་དམ་དུ་དམིགས་ནས། ཏང་གིས་བསྩལ་བའི་འཐབ་ཕྱོགས་གཅིག་གྱུར་འགན་འཁྲི་རླབས་ཆེན་ཕྲག་ཏུ་ལེན་དགོས་ཟེར།

ཝང་དབྱང་གིས་ནན་གྱིས་བསྟན་དོན། སློབ་སྦྱོང་གི་དམིགས་ཡུལ་ནི་བཀོལ་སྤྱོད་བྱེད་རྒྱུ་དེ་ཡིན་པས། སློབ་སྦྱོང་དང་ལག་བསྟར་གཉིས་ཟུང་འབྲེལ་བྱེད་པ་དང་། ཚན་རིག་བདེན་ལུགས་ཀྱི་སྟོབས་ཤུགས་དེ་བསྒྱུར་བཀོད་ལག་ལེན་གྱི་སྟོབས་ཤུགས་སུ་བསྒྱུར་དགོས། གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་རྒྱུ་དེ་རྒྱུན་ལྡན་རང་བཞིན་གྱི་བྱ་བར་བརྩིས་ནས། རྣམ་པ་མི་འདྲ་བའི་སློབ་སྦྱོང་གསོ་སྦྱོང་སྣ་ཚོགས་སྤེལ་དགོས། རིམ་པ་སོ་སོའི་འཐབ་ཕྱོགས་གཅིག་གྱུར་ལས་བྱེད་པ་དང་ལྷག་པར་དུ་གཞི་རིམ་ལས་བྱེད་པས་སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་བྱེད་པའི་སྟེང་གྲུབ་འབྲས་གསར་བ་ལེན་པར་རོགས་བྱེད་དགོས། གཞུང་ལུགས་དང་གནས་ཚུལ་དངོས་གཉིས་འབྲེལ་འདྲིས་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། བརྟག་བཤེར་ཞིབ་འཇུག་དེ་འཐབ་ཕྱོགས་གཅིག་གྱུར་བྱ་བའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། ས་ཆ་སོ་སོས་འཚོལ་ཞིབ་བྱས་པའི་བྱེད་ཐབས་དང་ཉམས་མྱོང་བཟང་བོ་སྤྱི་སྡོམ་དང་ཁྱབ་གདལ་དུ་གཏོང་དགོས་ཟེར།

ཡོའུ་ཆོན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས་པར་མ་ཟད་སྤྱི་སྡིམ་གཏམ་བཤད་གནང་།

ཞའོ་ཅེ་དང་ཞཱ་པོ་ལུང་། པཱ་ཐིར་བཅས་གྲོས་ཚོགས་ལ་ཞུགས། 

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།