ཞི་ཅིན་ཕིང་སྐབས་བདུན་པའི་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་ལུས་རྩལ་འགྲན་ཚོགས་འགོ་བརྩམས་པ་ཁྱབ་བསྒྲགས་གནང་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས18ཉིན་གྱི་དགོང་མའི་དུས་ཚོད8སྟེང་། སྐབས་བདུན་པའི་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་ཝུའུ་ཧན་ལུས་རྩལ་ལྟེ་གནས་སུ་འགོ་ཚུགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་ལུས་རྩལ་འགྲན་ཚོགས་འགོ་བརྩམས་པ་ཁྱབ་བསྒྲགས་གནང་རྒྱུ་རེད།

 སྐབས་དེར་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཞིན་ཧྭ་དྲ་བས་ཡུལ་དངོས་ནས་ཐད་གཏོང་བྱ་རྒྱུ་ཡིན་པ་དང་། མི་དམངས་དྲ་བ་དང་། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀྲུང་གོའི་དྲ་བ། ཀྲུང་གོའི་དམག་དོན་དྲ་བ་སོགས་ཀྲུང་དབྱང་གི་གསར་འགྱུར་དྲ་ཚིགས་གཙོ་བོ་དང་མི་དམངས་ཉིན་རེའི་ཚགས་པར་གྱི་ཚོང་མགྲོན་སྦྲེལ་སྣེ་དང་། ཞིན་ཧྭ་གསར་འགྱུར་ཁང་གི་ཚོང་མགྲོན་སྦྲེལ་སྣེ། ཀྲུང་དབྱང་བརྙན་འཕྲིན་གྱི་གསར་འགྱུར་ཚོང་མགྲོན་སྦྲེལ་སྣེ་སོགས་སྨྱན་སྦྱོར་གསར་པའི་སྟེགས་བུས་དུས་གཅིག་ཏུ་བརྒྱུད་གཏོང་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།