ཕྱི་འབྲེལ་པུས་ཀྲུང་གོ་དང་ཨ་རིའི་དབར་དཔལ་འབྱོར་ཚོང་དོན་ལ་གྲོས་མཐུན་ཡོང་བའི་གནད་དོན་ཐད་གཅིག་གྱུར་ཡིན་པ་བསྟན་པ།

    མི་དམངས་དྲ་བའི་འཕྲིན། ཟླ10བའི་ཚེས15ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས། ཀྲུང་གོ་དང་ཨ་རིའི་དབར་དཔལ་འབྱོར་ཚོང་དོན་ལ་གྲོས་མཐུན་ཡོང་བའི་གནད་དོན་ཐད་གཅིག་གྱུར་ཡིན་ཞིང་།  ཧེ་བག་མེད་ཅེས་བརྗོད་པ་རེད། 

    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག   གསར་འགོད་པ་ཞིག་གིས། ཀྲུང་གོ་དང་ཨ་རིའི་དབར་གྱི་རེས་འཁོར་བཅུ་གསུམ་པའི་དཔལ་འབྱོར་ཚོང་དོན་གྱི་མཐོ་རིམ་གྲོས་མོལ་ཉེ་ཆར་ཝ་ཧྲིན་ཐོན་ཏུ་བྱས་པ་དང་། ཨ་རི་ཕྱོགས་ཀྱིས་ཕྱོགས་གཉིས་པོའི་དབར་དངོས་ཡོད་རང་བཞིན་གྱི་དུས་རིམ་དང་པོའི་གྲོས་མཐུན་བྱུང་ཡོད་པ་བརྗོད་ཡོད།   ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་གཉིས་པོའི་དབར་ཁྱབ་ཁོངས་ཁག་གཅིག་ཏུ་དངོས་ཡོད་རང་བཞིན་གྱི་འཕེལ་རིམ་ཐོན་ཡོད་པས་མཐར་གྲོས་མཐུན་ཡོང་བའི་ཁ་ཕྱོགས་སུ་བསྐྱོད་ཐུབ་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན་པ་བརྗོད་ཡོད་པས་ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོའི་དབར་དཔལ་འབྱོར་ཚོང་དོན་ལ་གྲོས་མཐུན་ཡོང་བའི་གནད་དོན་ཐད་རྣམ་འགྱུར་འཛིན་སྟངས་གཅིག་པ་ཡིན་ནམ་ཞེས་དྲིས་པར།

   ཁ་སང་ངས་ཀྲུང་གོ་དང་ཨ་རིའི་དབར་གྱི་དཔལ་འབྱོར་ཚོང་དོན་གྱི་མཐོ་རིམ་གྲོས་མོལ་སྐབས་གསར་པའི་ཐད་ལན་བརྒྱབ་ཟིན། ཨ་རི་ཕྱོགས་ཀྱིས་བརྗོད་པ་ནི་དོན་དངོས་གནས་ཚུལ་ཡིན།  ང་ཚོས་ཤེས་རྟོགས་བྱུང་བའི་གནས་ཚུལ་དང་གཅིག་པ་ཡིན། ཕྱོགས་གཉིས་པོའི་དབར་དཔལ་འབྱོར་ཚོང་དོན་ལ་གྲོས་མཐུན་ཡོང་བའི་གནད་དོན་ཐད་གཅིག་གྱུར་ཡིན་པ་དང་ཧེ་བག་མེད་"ཅེས་བརྗོད་པ་རེད།

   ཀེང་ཧྲོང་གིས། དཔལ་འབྱོར་ཚོང་དོན་གྲོས་མཐུན་འདིར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། ཀྲུང་གོ་དང་།  ཨ་རི། འཛམ་གླིང་བཅས་ཚང་མར་ཕན་པ་ཡོད་ལ། དཔལ་འབྱོར་དང་ཞི་བདེར་ཡང་ཕན་པ་ཡོད་པ་བརྗོད་པ་རེད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།