ཀྲུང་གོ་བོད་ཀྱི་དྲ་བ།

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཏང་ཀྲུང་དབྱང་ལ་ཐང་ཀ་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་གིས་ཏང་ཀྲུང་དབྱང་ལ་ཐང་ཀ་འབུལ་བའི་མཛད་སྒོ་ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན་པེ་ཅིན་ནས་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་མངགས་བཅོལ་ནང་བཞིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཏིང་ཞུའེ་ཞང་གིས་ཐང་ཀ་དང་ལེན་བྱས།

ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་སྐབས་དང་བསྟུན་ནས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོས་ཏང་ཀྲུང་དབྱང་ལ་ཐང་ཀ་ཕུལ་ཏེ། ཀྲུང་གོ་གུང་ཁྲན་ཏང་ལ་བློ་བརྟན་འགྱུར་མེད་ཀྱིས་བརྩི་བཀུར་ཞུ་བ་དང་། མི་དམངས་ཀྱི་གཙོ་འཛིན་ལ་སྙིང་ཐག་པ་ནས་བརྩི་བཀུར་ཞུ་བ། རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་བྱེད་པ་བཅས་ཀྱི་བརྩེ་བ་བསྟན།

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དབྱིག་ཆོན་གྱིས་ཐང་ཀ་འབུལ་བའི་མཛད་སྒོར་འགོ་འཛིན་གནང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།