ཧན་ཀྲིན་གྱིས་སིང་ག་ཕོར་གྱི་ཙུང་ལི་གཞོན་པར་མཇལ་འཕྲད་གནང་བར་མ་ཟད་མཉམ་དུ་ཀྲུང་གོ་དང་སིང་ག་ཕོར་གྱི་ཕྱོགས་གཉིས་མཉམ་ལས་རྐྱེན་སྲོལ་གྲོས་ཚོགས་ལ་འགོ་མཛིན་མཛད།

1.jpg

ཟླ10བའི་ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཁྲུང་ཆིན་ནས་སིང་ག་ཕོར་གྱི་ཙུང་ལི་གཞོན་པ་ཝང་རུའེ་ཅེ་ལ་མཇལ་འཕྲད་གནང་བར་མ་ཟད། མཉམ་དུ་ཀྲུང་གོ་དང་སིང་ག་ཕོར་གྱི་ཕྱོགས་གཉིས་མཉམ་ལས་རྐྱེན་སྲོལ་གྲོས་ཚོགས་ལ་འགོ་མཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཚེས་བཅོ་ལྔ་ཉིན་ཁྲུང་ཆིན་ནས་སིང་ག་ཕོར་གྱི་ཙུང་ལི་གཞོན་པ་ཝང་རུའེ་ཅེ་ལ་མཇལ་འཕྲད་གནང་བར་མ་ཟད། མཉམ་དུ་ཀྲུང་གོ་དང་སིང་ག་ཕོར་གྱི་ཕྱོགས་གཉིས་མཉམ་ལས་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་བ་དང་སུའུ་ཀྲིག་བཟོ་ལས་ར་བའི་ཁུལ་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉི་ཤུ་བ། ཐེན་ཅིན་སྐྱེ་ཁམས་མཁར་གྲོང་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གཅིག་པ། ཀྲུང་གོ་དང་སིང་ག་ཕོར་གྱི་འཐབ་ཇུས་རང་བཞིན་གྱི་མཉམ་འབྲེལ་མཉམ་མཐུད་དཔེ་སྟོན་ལས་གཞིའི་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པ་བཅས་ལ་འགོ་མཛིན་མཛད།

མཇལ་འཕྲད་གནང་སྐབས། ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བ་དེ་སྔ་འཛིན་ཕྱི་གཏོད་ཀྱི་འགོ་ཚུགས་ས་གསར་བའི་འགྲེང་ཡོད་པ་དང་། འཕེལ་རྒྱས་ཀྱི་གནས་བབ་ཧ་ཅང་བཟང་། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣའི་བར་ཐུན་མོང་གི་ལྟ་བ་གསར་བ་རབ་དང་རིམ་པ་བྱུང་ནས། ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་འཐབ་ཇུས་ཀྱི་སྣེ་ཁྲིད་བྱས། ཕྱོགས་གཉིས་ཀྱིས་ལག་བསྟར་དམ་འཛིན་བྱེད་པ་དང་། རྐྱེན་སྲོལ་གྲོས་ཚོགས་ཀྱི་སྟེགས་བུ་བཀོལ་སྤྱོད་བཟང་བོ་བྱས་ཏེ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་བཏང་། མིག་སྔའི་གནས་བབ་འོག ཕྱོགས་གཉིས་ཀྱིས་མཉམ་དུ་ཕྱོགས་གཅིག་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་འགོག་རྒོལ་བྱེད་པ་དང་། ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་རུ་བྱེད་པ་དང་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱེད་པའི་རྒྱལ་སྤྱིའི་མ་ལག་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས་ཟེར།

ཝང་རུའེ་ཅེ་ཡིས་བསྟན་དོན། སིང་ག་ཕོར་གྱིས་ཀྲུང་གོ་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་རིམ་པ་སྔར་ལས་མཐོན་པོ་ཞིག་ཏུ་བསླེབ་བྱེད་པ་དང་། མཉམ་དུ་སྒྲིག་ལམ་རྨང་གཞི་རུ་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་གཞི་ལ་སྲུང་སྐྱོབ་བྱས་ཏེ། མཉམ་དུ་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ལ་ཁ་གཏད་འཇལ་རྒྱུ་ཡིན་ཟེར།

དེའི་རྗེས། ཧན་ཀྲིན་དང་ཝང་རུའེ་ཅེ་གཉིས་ཀྱིས་མཉམ་དུ་ཕྱོགས་གཉིས་མཉམ་ལས་རྐྱེན་སྲོལ་གྲོས་ཚོགས་བཞི་ལ་འགོ་མཛིན་མཛད། ཕྱོགས་གཉིས་ཀྱིས་མཐོ་རིམ་བར་གྱི་ཐུན་མོང་ལྟ་བ་ལག་བསྟར་བྱས་པའི་གནས་ཚུལ་དང་དངོས་གཉེར་མཉམ་ལས་སྤེལ་བའི་གནས་ཚུལ་ལ་ཁྱོན་ཡོངས་ནས་དབྱེ་ཞིབ་བྱས་པ་དང་། གཙོ་བོར་སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་ཁུལ་ཁོངས་འཕེལ་རྒྱས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་པ་སོགས་ལ་དམིགས་ནས་བསམ་འཆར་བརྗེ་རེས་བྱས་ལ། དུས་རིམ་རྗེས་མའི་མཉམ་ལས་ཁ་ཕྱོགས་དང་གཙོ་གནད་ལ་འཆར་འགོད་བྱས་པ་མ་ཟད། མཉམ་འབྲེལ་མཉམ་མཐུད་དང་དངུལ་རྩའི་འདེགས་སྐྱོར། ཕྱོགས་གསུམ་མཉམ་ལས། བཅའ་ཁྲིམས་ཁྲིམས་འཛིན་མཉམ་ལས་བཅས་ལ་ཤུགས་སྣོན་པ་དང་། སྐམ་མཚོའི་བགྲོད་ལམ་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ། མཉམ་ལས་ལས་གཞི་གཙོ་བོའི་སྤུས་ཚད་མཐོར་འདེགས་དང་རིམ་པ་སྤོར་བར་སྐུལ་འདེད་གཏོང་བ། ཕྱོགས་མང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ཏེ། སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་མ་ལག་འཛུགས་པར་སྐུལ་འདེད་གཏོང་རྒྱུར་མཐའ་གཅིག་ཏུ་འཐད་པ་བྱུང་།

ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་སིང་ག་ཕོར་གྱི་ཕྱོགས་གཉིས་རང་དབང་ཉོ་ཚོང་གྲོས་མཐུན་གྱི་རིམ་སྤོར་པར་གཞི་ཟླ་བཅུ་བའི་ཚེས་བཅུ་དྲུག་ཉིན་དངོས་སུ་སྤྱོད་འགོ་རྩོམ་རྒྱུ་ཡིན་པ་དྲིལ་སྒྲོག་བྱས།

གྲོས་ཚོགས་རྗེས་སུ། ཧན་ཀྲིན་དང་ཝང་རུའེ་ཅེ་གཉིས་མཉམ་དུ་འབྲེལ་ཡོད་མཉམ་ལས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས་ནས། མཉམ་དུ་ཀྲུང་གོ་དང་སིང་ག་ཕོར་གྱི་མཉམ་འབྲེལ་མཉམ་མཐུད་ལས་གཞིའི་འགྲེམ་སྟོན་ཚོམས་ཆེན་གྱི་ཡོལ་རས་བླངས་པ་མ་ཟད་འགྲེམ་སྟོན་བལྟས།

ཁྲིན་མེན་ཨེར་གོང་གི་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།