ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་མཛིན་མཛད་དེ་ཞིང་ཆེན་སྐོར་ཞིག་གི་སྲིད་གཞུང་གི་འགན་ཁུར་མི་སྣའི་དཔལ་འབྱོར་གནས་བབ་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཟླ་བཅུ་བའི་ཚེས་བཅུ་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཞི་ཨན་ནས་འགོ་མཛིན་མཛད་དེ་ཞིང་ཆེན་སྐོར་ཞིག་གི་སྲིད་གཞུང་གི་འགན་ཁུར་མི་སྣའི་དཔལ་འབྱོར་གནས་བབ་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་བཅུ་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཞི་ཨན་ནས་འགོ་མཛིན་མཛད་དེ་ཞིང་ཆེན་སྐོར་ཞིག་གི་སྲིད་གཞུང་གི་འགན་ཁུར་མི་སྣའི་དཔལ་འབྱོར་གནས་བབ་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

ཧྲན་ཞི་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཧུའུ་ཧི་ཕིང་དང་ཧྲིན་ཀྲང་ལིག་ཀའོ་ཀྲུང་། ཅང་སུའུ་ཞིང་ཆེན་གྱི་ཧྲིན་ཀྲང་ཝུའུ་ཀྲིན་ལུང་། ཧི་ནན་ཞིང་ཆེན་གྱི་ཧྲིན་ཀྲང་ཁྲིན་རུན་ཨེར། ཧུའུ་པེ་ཞིང་ཆེན་གྱི་ཧྲིན་ཀྲང་ཝང་ཞོ་ཏུང་། ཀོང་ཏུང་ཞིང་ཆེན་གྱི་ཧྲིན་ཀྲང་མཱ་ཞིན་རོས་བཅས་ཀྱིས་གཏམ་བཤད།

ལིས་ཁི་ཆང་གིས་གསུང་རྒྱུར། ད་ལོའི་ཚུན་དུ། རྙོང་འཛིང་དང་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་རྒྱལ་ནང་གི་དཔལ་འབྱོར་ཐད་ཀྱི་འགྲན་རྩོད་མང་པོར་ཁ་གཏད་དེ། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་པ་དང་། གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབས་ལ། དཔལ་འབྱོར་འཁོར་སྐྱོད་སྤྱི་ཁོག་ནས་གཏན་འཇགས་ཡིན་པ་དང་། གྲུབ་ཚུལ་ལེགས་སྒྲིག་བརྟན་བརླིང་ངང་སྤེལ། ཡིན་ན་ཡང་མིག་སྔའི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་གནོན་ཤུགས་ཇེ་ཆེར་སོང་བ་དང་། དངོས་ཕུང་དཔལ་འབྱོར་ཐད་ཀྱི་དཀའ་ཁག་འབུར་ཐོན་ཡིན་པས། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། བྲེལ་མྱུར་འདུ་ཤེས་དང་འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། འཕེལ་རྒྱས་ཀྱི་ལས་འགན་གཙོ་བོར་དམ་འཛིན་བྱེད་པ། གཏན་འཇགས་ངང་འཕར་སྣོན་བྱེད་པ་དང་། དཔལ་འབྱོར་འོས་འཚམ་གྱི་བར་མཚམས་སུ་འཁོར་རྒྱུག་བྱེད་པ་རྒྱུན་འཁྱོངས་བྱེད་རྒྱུ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་འཇོག་པ། བཅོས་བསྒྱུར་སྒོ་འབྱེད་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ། རྒྱལ་ནང་གི་ཚོང་རའི་སྦས་ཤུགས་སྔོག་འདོན་བྱེད་པ། དམངས་ཚིས་ལེགས་བསྒྱུར་དེ་ཁྲིད་ཕྱོགས་སུ་བྱས་ནས་ཕན་འབྲས་ལྡན་པའི་དངུལ་གཏོང་བ་དང་འཛད་སྤྱོད་དགོས་མཁོ་སྐྱེད་སྲིང་བྱེད་པ། དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་གནོན་ཤུགས་ཐེག་ཐུབ་པར་བྱེད་པ། མུ་མཐུད་དུ་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་དངོས་གོང་གཏན་འཇགས་སུ་གཏོང་བ། དམངས་ཚིས་ལ་འགན་སྲུང་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་ནས། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་གསུང་རྒྱུར། དཔལ་འབྱོར་འོས་འཚམ་གྱི་བར་མཚམས་སུ་འཁོར་རྒྱུག་བྱེད་པ་རྒྱུན་འཁྱོངས་བྱེད་པར་དམིགས་ནས། ཁྲལ་འཕྲི་ཡོན་གཅོག་བྱེད་པ་སོགས་ཀྱི་སྲིད་ཇུས་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་པ་དང་། ཆེ་ཕྱོགས་སྲིད་ཇུས་ཀྱི་དུས་འཁོར་ལྡོག་མའི་ལེགས་སྒྲིག་ཡོ་བྱད་བཀོལ་སྤྱོད་བཟང་བོ་བྱེད་དགོས། ཞན་ཆ་ཁ་གསབ་བྱེད་པ་དང་དམངས་ཚིས་ལ་ཕན་འདོགས་པའི་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱས་ཏེ། ཕན་ཡོད་དངུལ་གཏོང་རྒྱ་སྐྱེད་དགོས། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱིའི་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་བྱེད་དགོས། གློད་དམ་ཞབས་གསུམ་གྱི་བཅོས་བསྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་དགོས། བཟོ་སྐྲུན་ལས་རིགས་ཀྱི་རིམ་སྤོར་བསྒྱུར་བཀོད་དང་སྒུལ་ནུས་གསར་བའི་འཚར་ལོངས་ལ་སྐུལ་འདེད་གཏོང་དགོས། ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་བཏང་སྟེ། སྣ་མང་ཅན་གྱི་ཉོ་ཚོང་དངུལ་གཏོང་མཉམ་ལས་སྤེལ་དགོས།

ལིས་ཁི་ཆང་གིས་གསུང་རྒྱུར། དམངས་ཚིས་འགན་སྲུང་བྱེད་པའི་དོན་དངོས་བརྟན་བརླིང་ངང་བསྒྲུབ་དགོས། མཐོ་རིམ་མཐར་ཕྱིན་སློབ་མ་སོགས་ཀྱི་མི་ཚོགས་གཙོ་བོའི་ལས་ཞུགས་བྱ་བ་བཟང་བོར་བསྒྲུབ་དགོས། རྒན་གསོ་དངུལ་དུས་ལྟར་ཚད་ལོངས་པའི་སྒོ་ནས་སྟེར་བར་ཁག་ཐེག་བྱེད་དགོས། ཚོང་རའི་མཁོ་འདོན་སྦྲེལ་མཐུད་བཟང་བོར་བསྒྲུབ་པ་དང་། ཚད་སླེ་ཐོན་རྫས་ཀྱི་རིན་གོང་ཕལ་ཆེར་གཏན་འཇགས་ཡིན་པ་སྲུང་འཛིན་བྱས་ནས། དཀའ་ཁག་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བཟང་བོ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་འགན་འཁྲི་ལམ་ལུགས་ལག་བསྟར་བྱེད་དགོས་ཟེར།

ཞའོ་ཅེ་དང་ཧི་ལིས་ཧྥུན་གཉིས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།