ཞི་ཅིན་ཕིང་གིས་བལ་བོའི་རྒྱལ་ཕྲན་མཉམ་འབྲེལ་ཁང་གི་ཀྲུའུ་ཞིར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་དེའི་ཚེས་བཅུ་གཉིས་ཉིན་ཀ་ཏ་མན་རྡུ་ཞ་ཐཱ་གསོལ་མགྲོན་ཁང་ནས་བལ་བོའི་རྒྱལ་ཕྲན་མཉམ་འབྲེལ་ཁང་གི་ཀྲུའུ་ཞི་ཏིས་མིས་ཨར་ཞི་ནཱ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ངས་ད་ཐེངས་བལ་བོར་འཚམས་འདྲི་བྱེད་ཡུན་ཐུང་ནའང་། ཙུང་ཐུང་དང་ཙུང་ལི། ནང་བློན་ཁང་གི་པུའུ་ཀྲང་བཅས་ཡིན་ན་འདྲ། ཏང་ཁག་སོ་སོའི་གཙོ་འཛིན་ཡིན་ནའང་འདྲ། ཡང་ན་དམངས་ཚོགས་དཀྱུས་མ་ཡིན་ནའང་འདྲ་ཚང་མར་ཀྲུང་གོར་བཅངས་པའི་སྤྲོ་སེམས་དང་མཛའ་གྲོགས་མཐུན་སྒྲིལ་གྱི་རྣམ་པས་ཁེངས་པར་མྱོང་ཚོར་ཟབ་མོ་བྱུང་། དེའི་ཐོག་ནས་བཤད་ན་མཛའ་མཐུན་གྱི་འབྲེལ་བ་དེ་བལ་བོ་ནས་རྩ་བ་བརྟན་པོ་ཚུགས་ཡོད་པ་ཤེས་ཐུབ།  འདིས་ང་ཚོའི་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བའི་ཡིད་ཆེས་ཇེ་བརྟན་དུ་བཏང་ཡོད།  ཀྲུང་གོ་ཕྱོགས་ཀྱིས་བལ་བོའི་ཁྲིམས་འཛུགས་ལས་ཁུངས་དང་མཉམ་ལས་བརྗེ་རེས་གཏིང་ཟབ་དུ་སྤེལ་ནས། རྒྱལ་ཁབ་གཉིས་པོའི་མཛའ་མཐུན་འབྲེལ་བ་སྔར་ལས་སྲ་བརྟན་དུ་གཏོང་རྒྱུར་མོས་མཐུན་ཡོད་ཟེར།

ཏིས་མིས་ཨར་ཞི་ནཱ་ཡིས་བལ་བོ་རྒྱལ་ཕྲན་མཉམ་འབྲེལ་ཁང་གི་ཁོངས་མི་ཚང་མའི་ཚབ་བྱས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་བལ་བོར་རྒྱལ་དོན་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་བལ་བོར་རྒྱལ་དོན་འཚམས་འདྲིར་ཕེབས་པ་ནི་བལ་བོ་མི་དམངས་ཡོངས་ཀྱི་གཟི་བརྗིད་རེད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།