ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཀ་ཏ་མན་རྡུ་རུ་ཐོན་ནས་བལ་བོ་ལ་རྒྱལ་དོན་འཚམས་འདྲི་མཛད་འགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ས་དེའི་ཟླ10བའི་ཚེས12ཉིན། ཙུང་ཐུང་པན་ཏ་ལིས་ཀྱིས་གདན་འདྲེན་ཞུས་པ་ལྟར་ན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཀ་ཏ་མན་རྡུ་ཐི་ལིས་པུའུ་ཝུན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཐོན་ནས་བལ་བོ་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་འགོ་བརྩམས། ཙུང་ཐུང་པན་ཏ་ལིས་ཀྱིས་གནམ་གྲུ་ཐང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་དགའ་བསུ་མཛད་སྒོ་བསྡུས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་དེའི་ཟླ10བའི་ཚེས12ཉིན། ཙུང་ཐུང་པན་ཏ་ལིས་ཀྱིས་གདན་འདྲེན་ཞུས་པ་ལྟར་ན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཀ་ཏ་མན་རྡུ་ཐི་ལིས་པུའུ་ཝུན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཐོན་ནས་བལ་བོ་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་འགོ་བརྩམས། ཙུང་ཐུང་པན་ཏ་ལིས་ཀྱིས་གནམ་གྲུ་ཐང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་དགའ་བསུ་མཛད་སྒོ་བསྡུས། དེ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་དང་པོར་བལ་བོར་འཚམས་འདྲི་མཛད་པ་ཡིན་ལ། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཡིས་ལོ་ངོ་ཉེར་གསུམ་རྗེས་སུ་ཡང་བསྐྱར་བལ་བོར་འཚམས་འདྲི་མཛད་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་འདིར་བལ་བོའི་འགོ་ཁྲིད་མི་སྣ་དང་མཉམ་དུ་ཀྲུང་གོ་དང་བལ་བོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་འཆར་གཞི་གསར་བ་འགོད་པ་དང་། མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་དུས་རབས་གསར་བ་འགོ་རྩོམ་རྒྱུ་རེད།

ས་དེའི་ཕྱི་དྲོའི་དུས་ཚོད4དང་སྐར་མ5སྟེང་། ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུ་ལ་བསྡད་དེ་ཀ་ཏ་མན་རྡུ་ཐི་ལིས་པུའུ་ཝུན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཐོན་པ་དང་། བལ་བོའི་ཙུང་ཐུང་པན་ཏ་ལིས་ཀྱིས་བུ་མོ་ཝུའུ་ཧྲ་ཁྲིད་དེ་གནམ་གྲུ་ཐང་དུ་ཡོང་ནས་ཞི་ཅིན་ཕིང་ལ་བསུ་མ་ཞུས།

པན་ཏ་ལིས་ཀྱིས་གནམ་གྲུ་ཐང་ནས་ཞི་ཅིན་ཕིང་ལ་བལ་བོའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དགའ་བསུ་མཛད་སྒོ་བསྡུས། ཞི་ཅིན་ཕིང་ཡུལ་དངོས་སུ་ཐོན་མ་ཐག པན་ཏ་ལིས་མདུན་དུ་སོང་ནས་བསུ་མ་བྱས་པ་དང་། བལ་བོའི་བྱིས་པས་ཞི་ཅིན་ཕིང་ལ་མེ་ཏོག་ཆུན་པོ་ཕུལ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོ་གཟིགས་ཞིབ་སྟེགས་བུ་སྟེང་འཛེག་པ་དང་། དམག་དཔུང་རོལ་མོ་རུ་ཁག་གིས་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། གུས་ལུགས་མེ་སྒྱོགས་ཉེར་གཅིག་བརྒྱབ། ཞི་ཅིན་ཕིང་གིས་པན་ཏ་ལིས་ཀྱིས་འགྲོ་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་མཛད། གཟིགས་ཞིབ་མཇུག་རྗོགས་རྗེས། དམག་དཔུང་རོལ་མོ་རུ་ཁག་གིས་ཡང་བསྐྱར་ཀྲུང་གོ་དང་བལ་བོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། ཞི་ཅིན་ཕིང་གིས་བལ་བོའི་དཔོན་པོ་གཙོ་བོ་དག་དང་ལག་འཇུ་བྱས་པ་དང་། པན་ཏ་ལིས་ཀྱིས་ཀྲུང་གོའི་འགྲོ་རོགས་མི་སྣ་རེ་རེ་དང་ལག་འཇུ་བྱས། བལ་བོའི་ཙུང་ཐུང་གཞོན་པ་ཕུའུ་ཨིན་དང་ཙུང་ལི་ཨོ་ལིས། རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་རྒྱལ་ཕྲན་མཉམ་འབྲེལ་ཁང་གི་ཀྲུའུ་ཞི་ཏེ་མིས་ཨེར་ཞི་ནཱ། ཀ་ཏ་མན་རྡུ་རུ་ཡོད་པའི་ནང་སྲིད་ཁོངས་མི་ཡོངས་བཅས་དགའ་བསུ་མཛད་སྒོར་ཞུགས།

ཞི་ཅིན་ཕིང་གིས་བལ་བོའི་མི་དམངས་ལ་ཀྲུང་གོ་མི་དམངས་ཀྱི་འཚམས་འདྲི་དང་སྨོན་འདུན་བརྒྱུད་སྒྲོག་བྱས། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་བལ་བོའི་རུ་ཆུ་གཅིག་ཏུ་འདྲེས་ཤིང་ཡུན་རིང་གི་གྲོགས་པོ་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པའི་ལོ་ངོ་རེ་བཞི་རིང་། རྒྱལ་ཁབ་གཉིས་ཀྱིས་འདྲ་མཉམ་མཉམ་གནས་ཀྱི་རྩ་དོན་ལྔ་རྒྱུན་འཁྱོངས་བྱས་པ་དང་། སྲོལ་རྒྱུན་མཛའ་བརྩེ་རྒྱུན་འཛིན་བྱས་ནས། ལམ་ལུགས་མི་འདྲ་བ་དང་ཆེ་ཆུང་མི་འདྲ་བའི་རྒྱལ་ཁབ་བར་ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་ཀྱི་ལྟ་སྟངས་འཛིན་པའི་ཐད་ཀྱི་མིག་དཔེ་བཙུགས། ངས་བལ་བོའི་འགོ་ཁྲིད་མི་སྣ་བར་མཛའ་བརྩེའི་གླེང་མོལ་བྱེད་པ་དང་མཉམ་ལས་ལ་གྲོས་སྡུར་བྱེད་རྒྱུ་རེ་སྒུག་བྱས་ཡོད། ཐེངས་འདིའི་འཚམས་འདྲི་བརྒྱུད་དེ། ཀྲུང་གོ་དང་བལ་བོའི་འབྲེལ་བ་མཐོར་འདེགས་གཏོང་བ་དང་། རྒྱལ་ཁབ་གཉིས་བར་གྱི་མཉམ་འབྲེལ་མཉམ་མཐུད་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་རྒྱུའི་རེ་བ་བཅངས་ཡོད་ཟེར།

ཏིང་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥུན་སོགས་འགྲོ་རོགས་མི་སྣ་གནམ་གྲུ་གཅིག་ལ་བསྡད་དེ་མཉམ་དུ་གནམ་གྲུ་ཐང་ལ་ཐོན།

ཀྲུང་གོའི་བལ་བོར་སྡོད་པའི་གཞུང་ཚབ་ཆེན་མོ་ཧོའུ་ཡན་ཆི་ཡང་གནམ་གྲུ་ཐང་ལ་ཡོང་ནས་བསུ་མ་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།